རིགས་པའི་མྱུ་གུ།
དེང་གི་ཆར་ཟླུམ་གཟུགས་གོ་ལའི་ཁྱོན་ཀུན་གོ་ལག་གི་དབང་དུ་བསྒྱུར་ཞིང༌། ཕྱིའི་དཔལ་འབྱོར་གྱི་འཕེལ་ཁ་ཆེ་ཞིང་ནང་སེམས་ཀྱི་ཞི་བདེའི་ནུས་པའི་དཔལ་ཡོན་གྱིས་ཕོངས་ཤིང་།རིག་གནས་ཀྱི་གདེང་འཇོག་ཚད་མཐོར་སླེབས་པའི་དུས་སྐབས་འདིར། འོ་ཅག་གངས་ཅན་པའི་གཞོན་སྐྱེས་ཕོ་མོ་རྣམས་ཀྱི་རང་ནུས་གང་ཡོད་ཀྱིས་རྣམ་དཔྱོད་ཀྱི་འཇུག་པས་མནའ་དེང་གི་ཤེས་བྱ་རིག་པའི་གནས་ལ་ཉིན་མཚན་ལྷོད་མེད་དུ་མངོན་པར་བརྩོན་ཞིང༌། ཤེས་ཡོན་གྱི་སྡིངས་ཆའི་ཐོག་ཏུ་ལང་ཐུབ་ཐབས་བྱེད་དགོས་པ་རྩ་དོན་དང་པོ་དེ་ཡིན། དེ་ཡང་བདག་ཉིད་ལ་བརྙས་པའི་ལེ་ལོའི་དབང་དུ་མ་བཏང་བར་སྤོབས་པ་མཐོ་པོའི་སྒོ་ནས་གོམ་པ་མདུན་དུ་བསྐྱོད་ཐུབ་པར་བྱ་དགོས། རང་རེའི་གངས་ཅན་པའི་ཕ་མེས་ཀྱི་རིག་གཞུང་གཞན་དང་མ་འདྲ་བར་ཁྱད་ནོར་མཆོག་ཏུ་གྱུར་པ་ཞིག་ཡོད་པར་བརྟེན།