ལྷ་བབས་དུས་ཆེན།

འབྲི་སྐལ་བཟང་། བདག་ཅག་གི་སྟོན་པ་བླ་ན་མེད་པ།

སངས་རྒྱས་ཤཱཀྱ་ཐུབ་པ་མི་ཡུལ་ནས་ལྷ་ཡུལ་ལ་ཕེབས། དེར་ཆོས་གསུངས་ནས་ཉིན་ཞག་དགུ་བཅུ་བཞུགས་པ་དང་། སླར་ཡང་འཛམ་བུ་གླིང་གི་གདུལ་བྱ་རྣམས་ཀྱི་དོན་དུ་མི་ཡུལ་ལ་ཕེབས་པའི་དུས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཟེར། དེ་ནི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སྲུང་བརྩི་ཞུ་སྲོལ་ཡོངས་སུ་དར། དེ་ཡང་མ་ཡུམ་གྱི་ཆེད་དུ་ལྷ་ཡུལ་ལ་ཕེབས་པའི་ཚུལ་ནི་འདུལ་བ་ལུང་ལས་བྱུང་བ་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས་ཀྱང་གསུངས། འདིའི་སྐོར་རྒྱས་པ་ནི་མདོ་མང་པོད་སོ་གཉིས་པ་ཐབས་ལ་མཁས་པ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་ཞེས་པ་བམ་པོ་ཕྱེད་བརྒྱད་ལེའུ་དགུའི་བདག་ཉིད་ཅན་དེ་ཡིན། ལེའུ་གཉིས་པ་སྲི་ཞུའི་ལེའུ་སྟེ།

དྲན་ཡུལ་དུ་ལྷག་པའི་ཨ་ཁུ།

དགའ་བདེ།

      དུས་ཚོད་ནི་སུས་ཀྱང་ལྡོག་ཐབས་མེད་པར་སྐད་ཅིག་སྐད་ཅིག་ཏུ་འདའ་བཞིན་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ན་ཡང་། མཚམས་རེ་ཙམ་ལས་དེའི་རིན་ཐང་དང་འགྱུར་ལྡོག་བཅས་ལ་བསམ་གཞིག་བྱེད་པའི་གོམས་གཤིས་ཡོད་མཁན་ཧ་ལམ་ཉུང་ཉུང་ཡིན་ངེས། ང་རང་ཉིད་ལ་མཚོན་ནའང་དེ་ལས་མ་འདས། ད་ཡང་ལོ་ཟླ་རྙིང་པ་ཞིག་ཕར་འདས་ཏེ་གསར་པ་ཞིག་ཚུར་སླེབས་འགོ་བརྩམས་སོང་། ལོ་རྙིང་འདིའི་ནང་ལ་མི་སུ་འདྲ་ཞིག་ཡིན་ན་ཡང་སྐྱུར་ལ་མངར་བའི་འཚོ་བའི་ཁྲོད་ནས་དགའ་སྐྱོའི་ཐོབ་ཤོར་དང་རྒྱལ་ཕམ་ཅི་རིགས་ཤིག་བྱུང་ཡོད་པར་བརྗོད་ག་ལ་དགོས། ང་རང་ཉིད་ལ་མཚོན་ན་ཡང་ལོ་ཟླ་འདི་དག་རིང་ལ་བརྗེད་དུ་མེད་པའི་འཚོ་བའི་རྒྱལ་ཕམ་དང་ཐོབ་ཤོར་དུ་མའང་བྱུང་སོང་།

མཐོ་རིམ་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི།

བསྟན་པ་དར་ཕྱུག

མཐོ་རིམ་གྱི་སློབ་མ་རྣམས་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཡིན་པ་ལས་མ་འོོངས་ཀྱི་སོན་རྩ་མིན་པས།སྤྱི་ཚོགས་འདིའི་ངོ་གདོང་གཙང་མ་བཟོ་རྒྱུ་ནི་ཕྲག་ཐོག་ཏུ་བབས་པའི་གཡོལ་མེད་ཀྱི་འོས་འགན་ཞིག་རེད། 

         སྤྱིར་ང་ཚོའི་སྤྱི་ཚོགས་འདི་ཇ་ཚགས་ཤིག་ལྟར་སྐྱོན་གྱི་བུ་ག་མང་པོ་དོད་ནས་གང་ས་གང་ནས་སྙིགས་རོ་ལུད་འོང་བས། སྙིགས་རོ་ལུད་སའི་བུ་ག་དེ་དག་དུས་གཅིག་ཏུ་མེད་པ་བཟོ་དགོས་ན་སླ་མོ་ཞིག་ག་ལ་ཡིན། འོན་ཀྱང་། ང་ཚོས་སེམས་ནུས་གཅིག་ཏུ་སྦྲེལ་ནས་བུ་ག་རེ་རེ་རིག་པའི་ངར་ལྕགས་ཀྱིས་ལྷན་པ་གླན་རྒྱུར་འབད་བརྩོན་བྱས་ཚེ། ནམ་ཞིག་ང་ཚོའི་སྤྱི་ཚོགས་ཀྱི་ངོ་གདོང་ནི་ཆུ་ཤེལ་ལྟར་དྭངས་གཙང་ལྷད་མེད་ཅིག་ཆགས་སྲིད།