སེར་ལྷོ་དགེ་བཤེས་མཁས་གྲུབ་ཤེས་རབ།
ཐེངས་ཤིག་ཐང་དཀར་རྒོད་པོ་སྤྲུལ་ནས་རི་ཆེན་བྱ་རྐང་རྩེ་ལ་ལྡིང་། །
སྐབས་ཤིག་ནག་པོ་སྦྲུལ་ལ་བརྫུས་ནས་འཇིགས་རུང་ནགས་ཀྱི་སྐེད་པ་བཅད། །
མཚམས་རེ་ཐུབ་པ་ཆེན་པོའི་ཚུལ་གྱིས་མཆོད་རྟེན་གམ་དེར་ཙོག་པོར་བཞུགས། །
ལན་རེ་རྔུལ་ནག་ཐིགས་པ་འཛག་བཞིན་རང་ལུས་རྡོ་དང་ཤིང་ལ་བརྡར། །
ངོ་མཚར་ང་ཚོའི་འགྲོ་འདུག་དེ་ཚོར་ཕྱིར་དྲན་བརྒྱ་ཡི་གནས་ལུགས་ལྡན། །
སྐབས་འགར་མོན་པའི་ཟ་ཁང་དེ་རུ་བྱ་རྒོད་བཞིན་དུ་ལྟོ་ལ་རུབ། །
ལན་འགར་རྐུ་མ་ནག་ཅན་ལྟ་བུར་གསང་བའི་ཟས་འགའ་ཤག་ལ་བསྒྲུབས། །
མཚམས་འགར་མགྲོན་པོ་ཕར་འབོད་ཚུར་འབོད་གཡས་གཡོན་དག་ཀྱང་འུར་གྱིས་དཀྲོཌ། །
རྒྱུན་དུ་མཆོད་རྟེན་གཡས་གཡོན་དེ་ནས་ཅི་ཞིག་རེག་ན་དེ་ཞིག་བཟས། །
ངོ་མཚར་ང་ཚོའི་ཟ་འདུག་དེ་ཚོར་ཕྱིར་དྲན་སྟོང་གི་སྤྲོ་སྣང་མངའ། །