ཉི་ཟེར་སྒྲོལ་མ།
བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་དོན་ནི། དུས་རབས་ཉི་ཤུ་པའི་སྐབས་འདིར་བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱེད་སྐབས་བོད་ཀྱི་ཆབ་སྲིད་གནས་སྟངས་ཧ་ཅང་ཉག་ཕྲ་བའི་དུས་དེར་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་སོན་མེད་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་རྒྱ་ནག་དང་ལྷན་དུ་ཞི་བའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཇི་ཙམ་གནང་ཡང་མཐར་དྲག་པོའི་དཔུང་གིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལ་རྒྱལ་ས་ལྷ་ས་བཙན་བཟུང་གིས་རེ་ཞིག་རྒྱ་གར་དུ་ཕེབས་དགོས་བྱུང།
རྒྱ་གར་སྲིད་བློན་མཆོག་ལ་རེ་འདུན་ཞུས་འབྲས་སུ་༸གོང་ས་མཆོག་ནས་ཐོག་མར་ཤེས་ཡོན་གལ་འགངས་ཅན་ཞིག་ཏུ་གཟིགས་ནས་བོད་ཕྲུག་ལ་སློབ་གྲྭ་ཟུར་དུ་གསར་འཛུགས་བཀའ་དྲིན་བསྐྱངས་གནང་བའི་དབང་གིས་བོད་ཕྲུག་ན་གཞོན་སྟོང་ཕྲག་མང་པོར་གནའ་དེང་གཉིས་ལྡན་གྱི་ཤེས་ཡོན་ཅན་ཆགས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་སྤྱི་སྒེར་ནང་དུ་ཕྱག་ལས་གནང་མཁན་ཇི་སྙེད་ཅིག་ཡོད་པས་ཞུ་ཅི་ལ་དགོས།