ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན། འབྲོང་ངུར་བསྟན་འཛིན་ལམ་བཟང་[འབྲོང་ངུར་ཕོ་ཉ]ནི། སྐྱེ་ཡུལ། ནགས་ཤོད་འབྲི་རུ་རྫོང་ཁུལ་གྱི་ཤག་ཆུ་ཁའི་གྲོང་གསེབ་སྒོ་ཆུ་རུ། ཨ་མ་བསོད་ནམས་དང་། ཨ་ཕ་འབྲུག་རྒྱལ་གཉིས་ལ་མིང་སྲིང་བརྒྱད་སྐྱེས་པའི་ནང་གི་ང་རང་ཆེ་འོག་གསུམ་པ་དེ་ཡིན།
རང་གི་ལོ་རྒྱུས།
རྩོམ་སྒྲིག་ཁང་གི་བཀའ་ལྟར་ང་རང་གི་ལོ་རྒྱུས་ཐུང་ངུ་ཞིག་ང་རང་ངོ་སྤྲོད་ཚུལ་དུ་བྲིས་ན། གུས་པ་མཁས་གྲུབ་ཤེས་རབ་ནི་གྱ་གཉིས་ལོར་སྐྱེས། ཆུང་དུས་ཨ་མ་དང་ཞང་པོས་ཡི་གེ་བསླབས་ཤིང་། ཨ་མས་རྟག་པར་མི་རིག་གནས་མེད་པ་ལས་སྡུག་ཅིག་མེད་ཅེས་ཡང་ཡང་གསུངས་པ་དག །ང་རང་སློབ་སྦྱོང་གི་བརྒྱུད་ལམ་རིང་པོ་ཞིག་བགྲོད་ཐུབ་པའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་གྱུར།