བདེན་རྫུན་སྒྱུ་མའི་དཔེ།

འཇིག་རྟེན་པ་ལ་ལྟོས་པའི་བདེན་རྫུན་སྒྱུ་མའི་དཔེས་བསྟན་པའི་སྐབས་སུ་དོགས་པ་བཅད་པ།།

དེ་ལྟར་སྒྱུ་མའི་རྟ་གླང་དུ་སྣང་བ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན་རང་རིག་མངོན་སུམ་དང་ཕྱི་རོལ་ཁས་ལེན་པའི་རང་རྒྱུད་པ་ལྟར་ན་ས་ཕྱོགས་སམ་བར་སྣང་ལྟ་བུའི་གཞི་འཛིན་པའི་དབང་པོ་མངོན་སུམ་གྱིས་འགྲུབ་ལ་ཞེས་སོགས་ཀྱི་སྐབས་སུ་སྒྱུ་མའི་རྟ་གླང་སྣང་བ་ལྟར་དུ་མེད་ཏེ་དེ་ལྟར་ཡོད་ན་མིག་མ་བསླད་པའི་གང་ཟག་དེ་དག་གིས་མཐོང་དགོས་པ་ལས་མ་མཐོང་བའི་ཕྱིར་ཞེས་པའི་རིགས་པ་ལ་བརྟེན་ནས་དེ་སྣང་བ་ལྟར་དུ་གྲུབ་པ་ཁེགས་ལ་དེ་སྣང་བ་ལྟར་མ་གྲུབ་པ་རྟོགས་པའི་བློ་ནི་རིགས་ཤེས་ཕྲ་རགས་གང་རུང་མ་ཡིན་ཏེ་དེ་ཡིན་པ་ལ་གཞི་དེ་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་དགོས་པས་དེ་ལ་ཡང་དེར་སྣང་བྱུང་ན་དེས་སྟོང་མི་འོང་བ་དང་དེས་སྟོང་བྱུང་ན་དེར་སྣང་མི་འོང་བ་དང་གཉིས་ཡོད།

བག་དྲོ་དང་ནག་མོ།

དཀོན་མཆོག་རབ་བརྟན།

ཡ་རབས་མ་རབས་སྤྱོད་པས་ཤེས།  ལུང་པ་གང་ཡིན་སྐད་ཀྱིས་ཤེས། བོད་ཀྱི་གཏམ་དཔེ། 

བག་དྲོ་ནི་ཕ་མའི་ཁ་ལ་ཉན་མཁན་གྱི་བུ་མོ་ཡ་རབས་ཤིག་ཡིན།  མོ་རང་ད་ལོ་ལོ་བརྒྱད་ཡིན་ཞིང་གད་མོ་དགོད་དུས་སམ་འཛུམ་སྟོན་སྐབས།  མདུན་སོ་བུད་པའི་བར་སྟོང་ནག་ཁུང་ངེར་མཐོང་མོད།  འོན་ཀྱང་མི་ཚང་མས་མོའི་སྙིང་རྗེ་བའི་འཛུམ་མདངས་ལ་དགའ་པོ་བྱེད་ལ།  ཁོ་ཚོས་མོའི་བྱི་རུ་ལྟར་དམར་བའི་འགྲམ་པར་བྱིལ་བྱིལ་བྱེད་ཀྱིན”ཅི་འདྲའི་ཤ་ཚ་བའི་བུ་མོ་ཞིག་རེད་ཨང་”ཞེས་བཤད་པ་དང་།  དེ་དུས་མོས་གཟི་མིག་བཞིན་དྭངས་པའི་མིག་ཟུང་ཅུང་ཟད་ཇེ་ཆུང་དུ་སོང་ནས་སླར་ཡང་ཁོ་ཚོ་ལ་ཆེས་གཅེས་སྙིང་འདོད་པའི་འཛུམ་རེ་སྟོན་སྐབས།  ཁོ་ཚོས་སོ་སོའི་ཕྲུ་གུའི་ཆེད་དུ་ཉོས་པའི་དབྱུག་པ་བྱི་རིལ་ཡང་སྟོད་ཐུང་གི་གློ་ཁུག་ནས་བཏོན་ཏེ་མོ་ལ་སྟེར་འཆོར་འགྲོ མོས་ཀྱང་ངོ་ཚ་དང་གུས་ཚུལ་འདྲེས་མའི་ངང་ཚུར་བརྐྱངས་པའི་ལག་ནས་དབྱུག་པ་བྱི་རིལ་དེ་བླངས་ནས་ཐུགས་རྗེ་ཆེ་ཞུས་རྗེས། 

བརྗེད་པར་དཀའ་བའི་ཁྱེད།

ཉི་སྲས་སྒྲོལ་མ།

མཛེས་སྡུག་ལྡན་པའི་ཡུལ་ལུང་བལྟས་ན་མཛེས་པའི་དཀྱིལ་འཁོར་ལ་རྟ་ནོར་ལུག་གསུམ་གྱིས་ཕྱུག་པའི་མཁར་ཁྱིམ་ཀྱི་ནང་དུ་ཁྱིམ་ཀྱི་བདག་མོ་ལས་ལ་བརྩོན་བཞིན་བསྡད་ཡོད། རང་ཉིད་ཀྱི་ཕྲུ་གུ་རྣམས་རྩེད་མོར་རོལ་ཞིང་དགའ་བའི་ངང་གནས། མཁར་ཁྱིམ་ཆུང་ཆུང་ནང་དུ་ཁྱོན་ནང་མི་བཅུ་ཡོད། དེ་ཡང་ནང་མི་རྣམས་སྤྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། དེ་ཡང་ཡུལ་ལུང་དེར་ཡོད་པའི་ཁྱིམ་ཀྱི་བདག་མོ་ལ་ཡོངས་གྲགས་སུ་ཨ་ཆེ་ཞེས་ལབ་སྲོལ་ཡོད། མོ་ལ་མཚོན་ན་མི་གཞན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། ཁྱིམ་གྱི་པ་ལགས་མཚོན་ན་ཡང་སྒོ་ཕྱུགས་སེམས་ཅན་གསོ་ཉར་བྱེད་པར་དགའ་ལ། སེམས་ཅན་ཡོད་པའི་རྐྱེན་གྱིས་ཁྱིམ་རྒྱུད་ཀྱི་མཚན་བྱང་ནི་ལུ་གུ་ཚང་ངམ་དོན་གྲུབ་རྡེ་རྗེ་ཞེས་འབོད། པ་ལགས་ནི་ཚང་མ་མཉམ་དུ་མཐུན་སྒྲིལ་ཧ་ལས་པ་ཡོད་མཁན་ཞིག་ཡིན་པས། ཡུལ་མི་རྣམས་ཀྱི་སེམས་ནང་ལ་དད་གུས་བྱེད་སའི་ཕ་ཡག་པོ་ཞིག་ཡིན།