བོད་ཀྱི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བའི་སྐོར་ ཅུང་ཙམ་གླེང་བ།

བསྟན་དར་ལྡན།  ནགས་ཤོད་ཅོ་ཀ ཏཱ་ལའི་བླ་མ་མཐོ་སློབ། 

སྔོན་གླེང་ཐུང་ངུ་།  བོད་ཀྱི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་ཅེས་པ་བརྗོད་དོན་དུ་བཟུང་སྟེ་དམིགས་བཀར་གྱིས་གླེང་དགོས་དོན་ནི། རཱ་མ་ཎའི་རྟོགས་བརྗོད་དང་བོད་ཀྱི་རྩོམ་རིག་གི་སྔ་ཕྱི་བར་གསུམ་གང་ནས་ཀྱང་མ་འབྲེལ་བ་ཞིག་གླེང་ཐབས་མེད་པ་དང་། རཱ་མ་ཎའི་རྟོགས་བརྗོད་ཀྱི་སྐོར་ཤེས་རྟོགས་བྱུང་བ་ལས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱོགས་མང་པོ་ཞིག་ནས་ངེས་ཤེས་ཐུབ་ཅིང་། ལྷག་ཏུ་བོད་ཀྱི་སྙན་རྩོམ་ཕུལ་བྱུང་ཞིག་ཤེས་པར་བྱ་བར། རཱ་མ་ཎའི་རྟོགས་བརྗོད་ལ་སློབ་དགོས་པ་དང་དེ་ཉིད་ལ་མ་བརྟེན་པར་བོད་ཀྱི་སྙན་ངག་གི་བརྩམས་ཆོས་ཕུལ་བྱུང་ཞིག་གླེང་ཐབས་མེད་པ་ལྟ་བུ་སོགས་ཆགས་ཡོད།  དང་པོ།  བོད་ཀྱི་གནའ་བོའི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བ། 

དུས་གསུམ་སྤྱི་བྱེ་བྲག་སོགས་ཀྱི་སྤྱི་དོན།

སེར་ལྷོ་འཇམ་དབྱངས་མཁས་བཙུན།

སྔོན་གླེང་།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཟིགས་རྒྱང་གིས་བསྐུལ་ཏེ།  སློབ་དཔོན་ཐོན་མི་སམྦྷོ་ཊའི་བློ་རིག་རྒྱས་པ་ལས་བོད་ཀྱི་ཡི་གེའི་རྣམ་གཞག་གི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་འདི་བྱུང་ངོ་། །ཡི་གེའི་རྣམ་གཞག་འདི་ལ་སྤྱིར་ཐོན་མི་མཆོག་གིས་སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་པར་གྲགས་ཀྱང་།  བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ད་ལྟ་ང་ཚོའི་སྤྱོད་ཡུལ་དུ་ཡོད་པ་ནི་སུམ་ཅུ་པ་དང་རྟགས་འཇུག་གི་རྩ་བ་འདི་གཉིས་ཡིན།  སུམ་ཅུ་པས་ནི་ཕྲད་དང་རྣམ་དབྱེའི་ཚོགས་འགྲེལ་ཞིང་།  རྟགས་འཇུག་གིས་ནི་དབྱངས་གསལ་གྱི་སྒྲའི་འཇུག་ཚུལ་ལས་བརྩམས་ཏེ་བྱ་ཚིག་གི་ཚོགས་འགྲེལ་ལོ། །སྐབས་སུ་བབས་པའི་བརྗོད་དོན་སྙིང་པོ་ནི་བྱ་ཚིག་གི་ཚོགས་ཀྱི་དུས་གསུམ་ཡིན་ལ།  འདི་ལས་བརྩམས་པའི་བརྗོད་བྱ་གནད་འགག་ཅན་བྱ་བྱེད་ཐ་དད་མི་དད་པ་ཀྱི་ལས་ཚིག་དང་།  དངོས་པོ་བདག་གཞན་དང་།  དུས་གསུམ་དང་།  བྱ་བྱེད་ལས་གསུམ་དང་།  དུས་གསུམ་སྤྱི་བྱེ་བྲག་སོགས་སུ་དབྱེ་བ་ལ་སོགས་པའི་རྣམ་གཞག་མང་པོ་ཡོད་ཀྱང་།  དུས་གསུམ་སྤྱི་བྱེ་བྲག་སོགས་ཀྱི་རྣམ་གཞག་ནི་སྐབས་ཀྱི་གླེང་དོན་སྙིང་པོ་དེ་ཡིན།  དེ་ཡང་རྣམ་གཞག་འདིའི་བྱུང་རིམ་དང་།  དབྱེ་སྒོ།  རྟགས་འཇུག་རྩ་བས་བསྟན་ཚུལ།  སྒྲ་བཤད།  མཇུག་བྱང་བཅས་ས་བཅད་ལྔ་ཡི་སྒོ་ནས་གླེང་ངོ་། །

རྟགས་འཇུག་གི་ཅི་ཕྱིར་འཇུག་གི་གཞུང་དོན་ལ་སྔ་རབས་མཁས་པའི་འདོད་ཚུལ་རྣམས་ཅུང་ཙམ་བཤད་པ།

ཐེད་པོ།

ལར་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ནི་སུས་ཤིག་བརྩམས་མིན་དང་དུས་ཚོད་གང་ཞིག་ལ་བརྩམས་མིན་གྱི་ཐད་མཁས་པའི་འདོད་ཚུལ་མི་མཐུན་པ་སྣང་ནའང་། ཡོངས་གྲགས་ལ་དུས་རབས་བདུན་པར་བྱོན་པའི་ཐོན་མི་སམབྷོ་ཊས་བརྩམས་པར་བཞེད་ལ། སྐབས་བབ་ཀྱི་བཤད་པར་བྱ་བའི་གཞི་རྐང་དེའང་སུམ་རྟགས་གཉིས་ཀྱི་ཟླས་ཕྱེ་བའི་རྟགས་འཇུག་གི་ཅི་ཕྱིར་འཇུག་གི་གཞུང་དོན་གྱི་འགྲེལ་ཚུལ་དང་ངོས་འཛིན་སྐོར་བོད་ཀྱི་སྔ་རབས་བརྡ་སྤྲོད་སྨྲ་བའི་མཁས་པའི་འགྲེལ་བ་གྲགས་ཆེ་བ་ཁ་ཤས་ཤིག་གི་འདོད་ཚུལ་ལ་ཅུང་ཟད་བཤད་པར་བྱ་བའི་གཞིའོ།།

      བོད་སྔ་རབས་པའི་མཁས་པའི་ཁྲོད་ན་བརྡ་སྤྲོད་རིག་པར་འགྲེལ་བ་མཛད་པོ་གནམ་གྱི་སྐར་ཚོགས་ལྟར་ཇི་སྙེད་ཅིག་བྱུང་ཡོད་ཅིང་དེ་དག་གིས་སུམ་རྟགས་གཉིས་ཀྱི་དངོས་ཤུགས་ཀྱི་བསྟན་དོན་ལ། བརྒྱ་ཁ་གཅིག་ཆོད་དང་ཆུ་བརྒྱ་ཟམ་འདུས་ཀྱི་དཔེ་རུ་མ་སོང་བར་སུམ་རྟགས་ཀྱི་ཚིག་ཟུར་རེ་རེ་ནས་གཡས་འཐེན་གཡོན་འཐེན་གྱིས་འགྲེལ་བཤད་སྣ་མང་ཞིག་བྱས་ཏེ་འདོད་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་ལ། རྟགས་ཀྱི་འཇུག་པའི་བརྗོད་བྱའི་གཙོ་བོ་སྔོན་འཇུག་གི་ཅི་ཕྱིར་འཇུག་པའི་གཞུང་གི་བསྟན་དོན་གྱི་ངོས་འཛིན་ཐད་ལའང་རང་ཉིད་ཀྱི་ལུང་རིགས་ཀྱི་རྒྱབ་རྟེན་རེ་རྒྱུ་མཚན་དུ་བྱས་ཏེ་འགྲེལ་བཤད་མ་འདྲ་བ་རེ་བྱས་པར་སྣང་།

༡༽རྩ་ཚིག་གི་འགྲེལ་སྟངས་ལ་འདོད་ཚུལ་མི་མཐུན་པ།