སྐལ་བཟང་ཚེ་སྒྲོན།

སྐལ་བཟང་ཚེ་སྒྲོན།

ལོ་རྒྱུས་མདོར་བསྡུས།

མིང་སྐལ་བཟང་ཚེ་སྒྲོན་དང་། དྲ་མིང་ངེས་མེད་འཁྱམ་པོ་ཞུ། ཆུང་དུས་སུ་སློབ་གཉེར་བྱེད་པའི་གོ་སྐབས་མ་བྱུང་ཡང་། རྗེས་སུ་སྤྱི་ལོ་༢༠༠༦ ཙམ་རྒྱ་གར་དུ་འབྱོར་ནས་༸གོང་ས་མཆོག་གི་བཀའ་དྲིན་འོག་བཙུན་དགོན་སྒྲོལ་མ་གླིང་དུ་བོད་ཡིག་ཀ་ཁ་ནས་འབྲི་ཀློག་ནས་རང་རེ་བོད་ཀྱི་སྐད་ཡིག་གི་མཚོན་རིག་གནས་མི་ཉུང་བ་ཞིག་དང་། 

 

ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་ སྤྱི་ལོ་༢༠༡༦ ལོར་ཕར་ཕྱིན་རབ་འབྱམས་དང་། ༢༠༡༩ ལོར་དབུ་མ་རབ་འབྱམས་པ་ཐོན། དེ་ནས་རིམ་པར་མཛོད་དང་འདུལ་བ་བཅས་ལ་སྦྱང་པ་ཐར་ཕྱིན་པ་བྱས་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་གི་ལས་རིམ་ལ་མཉམ་ཞུགས་བྱས་ནས་བཙུན་མའི་ཚན་རིག་འཛིན་གྲྭར་ལོ་དྲུག་སློབ་གཉེར་མཐར་ཕྱིན་པ་དང་། སྤྱི་ལོ་༢༠༢༤ལོར་རིས་མེད་རབ་འབྱམས་པ་ཐོན་པ་དང་།  ཞོར་ཏུ་དགོན་པའི་ནང་དམའ་རིམ་འཛིན་གྲྭའི་རྒན་བདག་དང་། གློག་བཟོ་རྒྱུ། པར་ལེན་དང་། བརྙན་ཐུང་བཟོ་བསྐྲུན།  ཐེའུ་གསར་དུས་དེབ་ཀྱི་རྩོམ་སྒྲིག་པ་ལོ་གསུམ་བྱས་

སྤྱི་ལོ་༢༠༢༥ ནས་དགེ་བཤེས་མའི་རྒྱུགས་སྤྲོད་ལ་ཞུགས་ནས་ད་ལྟ་ལོ་རིམ་གཉིས་པའི་ནང་ལ་སློབ་གཉེར་བྱེད་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

Related Articles