ངའི་མིང་དགའ་བདེ་ཟེར་བ་དང་། གུས་པའི་འཚར་ལོངས་ཀྱི་ཁོར་ཡུག་ནི་བོད་ལ་ཡིན་པ་དང་། སྤྱི་ལོ་༢༠༡༡ལོར་བོད་ནས་རྒྱ་གར་ལ་ཡོང་། ཤེས་རབ་དགའ་ཚལ་སློབ་གླིང་ནང་ལོ་གཉིས་ཙམ་སློབ་སྦྱོང་བྱས་རྗེས་བོད་ཀྱི་བདེ་རྩ་ཚོགས་པར་དབྱིན་ཡིག་ཆེད་སྦྱོང་བྱས།
ཕྱི་ལོ་༢༠༡༦ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་རིག་གནས་རབ་འབྱམས་པ་སློབ་མཐར་ཕྱིན། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་ཟབ་སྦྱོང་ཟླ་བ་གསུམ་རིང་མཉམ་ཞུགས་བྱས། ཕྱི་ལོ་༢༠༢༠ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ལོ་རྒྱུས་རིག་པའི་ཐོག་ནས་གཙུག་ལག་རིག་གནས་རབ་འབྱམས་པ་མཐར་ཕྱིན། ཕྱི་ལོ་༢༠༢༡ལོར་བྲག་གཡབ་བུ་དགོན་ཁྱབ་ཁོངས་ཀྱི་ལོ་རྒྱུས་རྩོམ་སྒྲིག་གི་འགན་འཁུར་ཞུས། ཕྱི་ལོ་༢༠༢༢ལོ་ནས་ནང་བསྟན་སྲི་ཞུ་ཁང་དུ་དྲ་ཐོག་ནས་བོད་ཀྱི་རིག་གནས་ཞིབ་འཇུག་བྱེད་མཁན་དང་། ནང་བསྟན་ཆོས་ལུགས་དང་འབྲེལ་བའི་དྲ་ཐོག་རྒྱུ་ཆ་རྩོམ་སྒྲིག་གི་ལས་འཆར་སྟངས་འཛིན་བྱས། སྨོན་ལམ་མིས་བཟོས་རིག་ནུས་ཀྱི་ལས་འཆར་ནང་སྡེ་ཚན་འདྲ་མིན་གྱི་དམིགས་འབེན་འགན་འཁུར་བྱས། ཕྱི་ལོ་༢༠༢༥ལོ་ནས་ཆོས་ཀྱི་ཕོ་ཉའིི་ཚོགས་པའི་ནང་ལ་ནང་བསྟན་ཆེད་ལས་རྒྱུ་ཆ་རྩོམ་སྒྲིག་འགན་འཁུར་བ་དང་། ཞོར་ལ་བོད་ཡིག་ཝི་ཀི་རིག་མཛོད་ནང་རྒྱུ་ཆ་རྩོམ་སྒྲིག་དང་གོ་རྟོགས་ཟབ་སྦྱོང་སོགས་ཀྱི་ལས་འཆར་ནང་ལ་འགན་འཁུར་ཞུ་བཞིན་ཡོད།