བོད་ཀྱི་སྲས་མོ།

སེ་གངས་ཆུ།

བསམ་གཏན་ལྷ་མོ་ཁ་བའི་ལྗོངས་ལ་འཁྲུངས། །

བཙན་པོའི་ཁྲག་རྒྱུན་ལྷད་མེད་ལུས་ལ་ཐིམས། །

ཁ་བའི་གཟི་མདངས་ཉམས་པ་མ་བཟོད་པས། །

སེམས་ཁུང་ལ་རྒྱས་གང་ནས་མིག་ཆུ་བཞུར། །

 

ཁ་བའི་སྲས་མོ་རྫ་ཆུའི་ཡུལ་ལ་སྐྱེས། །

རིགས་ཞེན་དུང་ཟླ་དཀར་པོ་སྙིང་ལ་ཤར། །

རང་སྐད་གཙང་མའི་འགྲིན་དབྱངས་ཁ་ནས་སྨྲས། །

ཕ་སྐད་སྲོག་ལས་གཅེས་པའི་མཛངས་མ་ཞིག །

 

བཙན་པོའི་སྙིང་སྟོབས་དྲི་མ་མ་ཡལ་ཞིང་། །

བསིལ་ལྡན་ལྗོངས་སུ་བཞད་པའི་མེ་ཏོག་ཅིག །

སྐར་གྲངས་ཆེད་དུ་སྐད་ཡིག་མ་དོར་བ། །

ལྷག་བསམ་དུང་ལས་དཀར་བའི་ལྷ་མོ་ཡིན། །

 

ཤ་ཚའི་སྙིང་གཏམ་རིགས་ཀྱི་སྲས་མོས་བཤད། །

ས་ཡ་དྲུག་གི་རྒན་གཞོན་བར་མ་ཀུན། །

སེམས་ལ་དགའ་བ་འབུམ་གྱི་དགའ་སྤྲོ་སྤྱིན། །

ཁ་བའི་སྲས་མོའི་མིག་ཆུ་རིན་ཐང་བྲལ། །

༢༠༢༦།༡།༦ཉིན། 

Related Articles