དཀོན་མཆོག་སྐྱབས། སྤྱི་ལོ་ ༡༩༧༦ ལོར་ནགས་ཤོད་འབྲི་རུ་དབུ་ཐང་གྲོང་དུ་སྐྱེས། ཆུང་དུས་ནས་ཡུལ་མིའི་ཕྲུ་གུ་གཅིག་མཚུངས་བཞིན་ཞིང་འབྲོག་གི་བྱ་ལས་མི་ཉུང་བ་གཉེར། ༡༩༨༩ ཙམ་ནས་ཁོ་བོའི་ཨ་ཁུའི་གམ་ནས་བོད་ཡིག་འབྲི་ཀློག་དུས་ཡུན་ལོ་གསུམ་རིང་སྦྱངས།
༡༩༩༣ ལོར་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར། ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་རིང་སློབ་སྦྱོང་གི་གོ་སྐབས་ཐོབ། གཞན་ཡང་མ་ན་ལི་དང་པུ་ན་སོགས་སུ་ཀམ་པུཊར་གཙོས་པའི་རྩིས་དང་ཨིན་ཡིག་བཅས་ལ་ལོ་གཉིས་ལྷག་ཙམ་ལ་སློབ་སྦྱོང་བྱས། ༡༩༩༨ ནས་ནོར་གླིང་བོད་ཀྱི་རིང་གཞུང་གཅེས་སྐྱོང་ཁང་དུ་ལས་འཁུར་ཞུ་མུས་ཡིན་པ་དང་། སྤྱི་ལོ་ ༢༠༠༩ ནས་ད་བར་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་དྲ་རྒྱ་འཛིན་སྐྱོང་བའི་ལས་ཀ་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།