ཧེ་ཕེའི་སེ་ནི་ཨཕ་རི་ཀའི་ནང་གི་ཞིང་པ་ཞིག་ཡིན་ལ་ཁོང་ནི་ཞི་བདེ་བག་ཕེབས་དང་འདོད་ཆུང་ཆོག་ཤེས་ཅན་ཞིག་ཡིན། ཁོང་ནི་ཞི་བདེ་བག་ཕེབས་ལྡན་པ་ཞིག་རེད་གང་ཡིན་ཟེར་ན་ཁོང་ནི་འདོད་ཆུང་ཆོག་ཤེས་ཅན་ཞིག་རེད། ཡང་ཁོང་ནི་འདོད་ཆུང་ཆོག་ཤེས་ཅན་ ཞིག་ཡིན་གང་ཡིན་ཟེར་ན་ཁོང་ནི་ཞི་བདེ་བག་ཕེབས་ལྡན་པ་ཞིག་རེད། ཉིན་ཞིག་མི་ཤེས་ཡོན་ཅན་ཞིག་ཁོང་གི་ནང་དུ་སླེབས་ནས་ཁོང་ལ་རྡོ་རྗེ་ཕ་ལམ་གི་འོད་མདངས་དང་ཕ་ལམ་གྱི་ནུས་པ་ད་དུང་ཕ་ལམ་གྱི་འོད་མདངས་འཚེར་ཚུལ་སོགས་ཧེ་ཕེའི་སེ་ལ་བཤད་པ་མ་ཚད།ཧེ་ཕེའི་སེ་ལ་གལ་སྲིད་ཁྱེད་རང་ལ་རྡོ་རྗེ་ཕ་ལམ་ཁྱེད་རང་གི་མཐེ་བོང་ཙམ་ཞིག་ཐོབ་ན། ཁྱོད་རང་གིས་གྲོང་ཁྱེར་འདི་ཉོ་ཐུབ་ལ། གལ་སྲིད་ཁྱེད་རང་ལ་རྡོ་རྗེ་ཕ་ལམ་ཁྱེད་རང་གི་ཁུ་ ཚུར་ཙམ་ཞིག་ཐོབ་ན། ཁྱོད་རང་གིས་ཕལ་ཆེར་ཁྱོད་རང་གི་རྒྱལ་ཁབ་འདི་ཡང་ཉོ་ཐུབ་ཀྱི་ རེད་བཅས་བཤད་ནས་མི་ཤེས་ཡོན་ཅན་དེ་ཕྱིན་སོང་བ་རེད། དགོང་མོ་དེར་ཧེ་ཕེའི་སེ་ གཉིད་ཀྱང་མི་ཁུག་པ་མ་ཟད་ཁོང་གི་སེམས་ལ་ཞི་བདེ་བག་ཕེབས་མེད་ལ་བློ་འདོད་ཡོངས་ སུ་མ་ཁེངས་པའི་མི་ཞིག་ཆགས།ཁོང་གི་སེམས་ལ་ཞི་བདེ་མེད་གང་ཡིན་ཟེར་ན་ཁོང་གི་བློ་ འདོད་མ་ཁེངས། ཁོང་ནི་འདོད་པ་ཆེ་ལ་ཆོག་ཤེས་མེད་གང་ཡིན་ཟེར་ན་ཁོང་གི་སེམས་ ལ་ཞི་བདེ་མེད།
ཕྱི་ཉིན་ཞོགས་པར་ཧེ་ཕེའི་སེ་ཡིས་ཁོ་རང་གི་མཁར་གཞིས་འཚོང་རྒྱུ་དང་ནང་མི་ལྟ་རྟོག་བྱེད་རྒྱུ་སོགས་གྲ་སྒྲིག་ལེགས་པོ་ཞིག་བྱས་ཏེ་ཁོ་རང་ཉིད་རྡོ་རྗེ་ཕ་ལམ་འཚོལ་དུ་ཕྱིན། འོན་ཀྱང་ཧེ་ཕེའི་སེ་ཡིས་ཨཕ་རི་ཀའི་ལུང་པ་ཡོངས་སུ་ཉུལ་ཀྱང་རྡོ་རྗེའི་ཕ་ལམ་གཅིག་ཀྱང་ལག་ཏུ་མ་སོན། ཁོང་གིས་ཡུ་རོབ་ཀྱི་ལུང་པ་ཡོངས་སུ་བཙལ་ཀྱང་ཅི་ཡང་མ་ཐོབ། ཧེ་ཕེའི་ སེ་སི་པེན་ཡུལ་དུ་སླེབས་སྐབས་ཁོང་གི་ལུས་སྟོབས་དང་སྙིང་སྟོབས་སོགས་ཉམས་པ་མ་ཟད། མཐར་ཁོ་རང་སེམས་ཤུགས་ཡོངས་སུ་ཆགས་ཏེ་རང་སྲོག་རང་གིས་གཅོད་ཆེད་སྦ་སེ་ལོ་ན་ གཙང་པོའི་ནང་དུ་མཆོངས་སྟེ་ལྕེབས། ཕྱིར་ཁོང་གི་ཡུལ་དུ་ཧེ་ཕེའི་སེ་ཡི་ལག་ནས་ས་ཞིང་ ཉོ་མཁན་མི་དེས་ཁོང་གི་རྔ་མོང་ཆུ་སྟེར་དུ་ཁོ་རང་གི་ས་ཞིང་གི་དཀྱིལ་ནས་རྒྱུ་བའི་རྒྱུག་ཆུ་ ཞིག་གི་འགྲམ་དུ་འགྲོ་སྐབས་རྒྱུག་ཆུ་དེའི་ཕྲད་ཀྱི་རྡོ་ཞིག་ལ་ཞོགས་པའི་ཉི་ཟེར་ཕོག་པ་དང་ཆབས་ཅིག་རྡོ་དེ་ལས་འོད་མདངས་འཇའ་ལྟར་འཚེར། མི་དེའི་སེམས་སུ་རྡོ་འདི་ཁོ་རང་གི་སྡོད་ཁྱིམ་དུ་བཞག་ན་ཧ་ཅང་ལེགས་པོ་འདུས་བསམས་སྟེ་རྡོ་དེ་ས་ལས་སྒྲུག་ཏེ་རང་གི་ཁང་པའི་རྩིག་ལྡེབས་སུ་ཡོད་པའི་ཐབ་སྒྲོམ་བང་ཁྲིའི་སྒང་ལ་བཞག །དེ་ཉིན་ཕྱི་དྲོརསྔོནགྱི་མི་ཤེས་ཡོན་ཅན་དེ་གནས་དེར་ཡོང་བ་དང་ཕ་ལམ་ལས་འཕྲོ་བའི་འོད་ཟེར་དེ་དག་མཐོང་སྟེ་མི་ཤེས་ཡོན་ཅན་དེས་ཧེ་ཕེའི་སེ་ལོག་སླེབས་བྱུང་ངམ་ཞེས་དྲིས་པས་གཞིས་བདག་གསར་པས་ཁོང་སླེབས་མ་སོང་ཁྱོད་ཀྱི་དེ་ལྟར་དྲི་དོན་ཅི་ཡིན་ཞེས་ཕྱིར་ལེན་དུ་དྲིས། མི་ཤེས་ཡོན་ཅན་དེས་སྨྲས་པ་གང་ཡིན་ཟེར་ན་འདི་ནི་རྡོ་རྗེའི་ཕ་ལམ་ངོ་མ་ཞིག་རེད་ངས་གཅིག་མཐོང་བ་ཙམ་གྱིས་ངོས་ཟིན་ཐུབ་བཅས་བཤད།གཞེས་བདག་གསར་པ་དེས་མ་རེད་འདི་ནི་སྤྱིར་བཏང་གི་རྡོ་ཞིག་ལས་རྡོ་རྗེ་ཕ་ལམ་ངོ་མ་མ་རེད་ངས་རྒྱུག་ཆུའི་འགྲམ་ནས་སྒྲུག་པ་ཡིན་ཁྱོད་རང་ཤོག་དང་ངས་ཁྱོད་ལ་སྟོན་ཆོག་རྒྱུག་ཆུའི་ འགྲམ་དུ་མང་པོ་འདུག་བཅས་ལན་བཏབ། དེ་ནས་ཁོང་གཉིས་རྒྱུག་ཆུའི་འགྲམ་དུ་ཕྱིན་ཏེ་ དཔེ་མཚོན་ཁ་ཤེས་བསྒྲུགས་ཏེ་ཞིབ་ཅིང་ཕྲ་བར་བརྟག་དཔྱད་བྱས་པས་དེ་དག་ནི་ཕ་ལམ་ དངོས་ཡིན་པ་ར་སྤྲོད་ཐུབ། ཁོང་ཚོས་གཞིས་ཀ་དེ་ནི་དངོས་གནས་རྡོ་རྗེའི་ཕ་ལམ་ཡཱརྜ་གྲུ་བཞི་མས་ཡོངས་སུ་གང་བ་རྟོགས།
སྒྲུང་གཏམ་དེའི་བླང་དོར་གྱི་བསླབ་བྱ་གང་ཡིན་ནམ།དེའི་ནང་དུ་བླང་དོར་གྱི་བསླབ་བྱ་ཁག་དྲུག་ཡོད།
༡༽ ང་ཚོའི་བསམ་ཕྱོགས་སམ་སྤྱོད་པ་ཡག་པོ་ཡོད་པའི་དུས་སུ་ང་ཚོས་རང་ཉིད་ཕ་ལམ་ཡཱརྜ་གྲུ་བཞི་མ་དང་གྲུ་བཞི་མས་ཐོག་ཏུ་འགྲོ་བཞིན་པ་རྟོག་ཐོབ། གོ་སྐབས་ནི་རང་ཉིད་ཀྱི་རྐང་འོག་ཏུ་ཡོད་པ་རྟོག་ཐོབ་པས་ང་ཚོ་ནི་ཐག་རིང་གང་དུའང་འགྲོ་མི་དགོས། ང་ཚོས་ཡོངས་སུ་ཤེས་དགོས་རྒྱུ་ནི་གོ་སྐབས་དེ་ངོས་འཛིན་རྒྱུ་དེ་རེད།
༢༽ རང་ཕྱོགས་ཀྱི་རྩྭ་ལྗང་ལས་གཞན་ཕྱོགས་ཀྱི་རྩྭ་ལྗང་ཡོངས་སུ་སྔོ་བར་མཐོང༌།
༣༽ ང་ཚོས་གཞན་ཕྱོགས་ཀྱི་རྩྭ་ལྗང་ལ་བལྟ་བའི་སྐབས་གཞན་ཕྱོགས་ནས་ཀྱང་རང་ཕྱོགས་ཀྱི་རྩྭ་ལྗང་ལ་ལྟ་བཞིན་ཡོད་ལ།ཁོང་ཚོས་ང་ཚོའི་རྩྭ་ལྗང་དང་ཁོང་ཚོའི་རྩྭ་ལྗང་བརྗེ་རྒྱུ་ཧ་ ཅང་འདོད།
༤༽ གང་ཟག་ཞིག་གིས་གང་འདྲ་བྱས་ནས་གོ་སྐབས་ངོས་འཛིན་བྱེད་དགོས་པ་མ་ཤེས་ ཚེ་གོ་སྐབས་ཀྱིས་སྒོ་རྡུང་ཀྱང་མི་དེ་ནི་སུན་སྣང་སྐྱེ།
༥༽ གོ་སྐབས་དག་ནི་རང་ཉིད་ཀྱི་ལག་ཏུ་ཐོབ་དུས་ལས་ཀྱང་རང་གི་ལག་ནས་ཤོར་བའི་ དུས་སུ་ངོས་ཟིན་པར་སླ།
༦༽ གོ་སྐབས་ཀྱིས་ལྟག་སྒོ་ལ་ཐེངས་གཅིག་རང་རྡུང་སྲིད། རྗེས་མ་དེ་ནི་ཡག་སྡུག་གང་འདྲ་ཞིག་ཡིན་ཀྱང་གཏན་ནས་སྔོན་མ་དེ་དང་འདྲ་མི་སྲིད། དེ་འདྲ་སོང་ཙང་འགག་རྩའི་དུས་སུ་ཐག་གཅོད་བཟང་པོ་རང་ཉིད་ཀྱི་དུས་བཟང་ལ་བྱ་དགོས། ཐག་གཅོད་བཟང་པོ་དུས་ཚོད་ངན་པའི་སྐབས་སུ་བྱས་པ་ནི་ལམ་ནོར་ཡིན།
མི་མཁས་པའི་ཞལ་ནས་གདམས་ངག་ཟབ་མོ་རེ།།
དྲིན་ཕ་ལོའི་ཞལ་ནས་དུས་གསུམ་བསླབ་བྱ་རེ།།
སྤྲང་བུ་སྡུག་ཡིན་ཡང་མཚར་གཏམ་དྲོ་མོ་རེ།།
ལས་ཅི་ཡང་སྟོང་ཡང་ལྷག་བསམ་གངས་རི་དཀར།།
འཇིགས་མེད་ནོར་བུས་དབྱིང་ཡིག་དེབ་ ( YOU CON WIN ) ཞེས་པ་ལས་བསྒྱུར།