དྲིས་ལན་གཟུར་གནས་དགྱེས་པའི་གཏམ།

ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །
གཟུར་གནས་བློ་ལྡན་རྣམས་ཀྱིས་མགྲིན་གཅིག་ཏུ། །བསྟོད་ཡུལ་འཇམ་མགོན་བླ་མས་བདག་སྐྱོངས་ཤིག །

ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་བཀུར་འོས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྐུལ་བར་གྲག་པའི་རྗེ་བླ་མའི་གསུང་གི་དོགས་གནས་འགའ་ཞིག་ཁོ་བོའི་ལག་སོན་བྱུང་བས་རང་གི་བློ་ནུས་དང་འཚམས་པའི་དྲིས་ལན་འབུལ་བ་ནི།

དྲི་བ་དང་པོ།

འདིར་བསྟན་ཆོས་གསུམ་གྱི་ས་མཚམས་ཐེག་ཆེན་ཚོགས་ལམ་ནས་འཇོག་པ་ཞིག་དང། ལམ་མ་ཞུགས་ནས་འཇོག་པའི་འདོད་ཚུལ་མི་འདྲ་བ་གཉིས་ཡོད་པས། ལུང་རིགས་ཀྱི་སྒྲུབ་ཚེ་གང་ཞིག་ཁུངས་བཙན་པར་བཞེད་ཅིང་དེ་ལ་སྒྲུབ་བྱེད་འགོད་རོགས།

དྲིས་ལན་དང་པོ།

འདིར་བསྟན་ཆོས་གསུམ་མ་མཐའི་ས་མཚམས་ལམ་མ་ཞུགས་ནས་འཇོག་པ་འཐད་དེ། སངས་འཕགས་ལས་ཉན་རང་དང༌། སངས་འཕགས་བྱང་ཆུབ་སེམས་དཔའ་ལས་དང། བྱང་ཆུབ་སེམས་དཔའ་ཆོས་གསུམ་ལས་འཁྲུངས་པ་འཇུག་པ་ལས་དངོས་སུ་གསུངས་པ་གང་ཞིག།།དེ་ཡང་ཐ་སྙད་ཀྱི་ཚིག་འཁྲི་སྐམ་པོ་ཙམ་མ་ཡིན་པར་དོན་གྱི་དགོངས་པ་ཐེག་པ་གསུམ་གྱི་ངེས་ལེགས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ལ་ཐུག་པའི་གནད་ཀྱིས་ཡིན་པའི་ཕྱིར། གོང་གི་འཁྲུངས་ཚུལ་འདི་དག་ལ་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་དང། རྒྱུ་འབྲས་བཏགས་པ་བ་ལ་བཞག་ན་འབྲེལ་མེད་པའི་ཕྱིར་ཏེ། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུང་སེམས་དཔའ་ལས་འཁྲུངས་ཤིང། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །བྱང་ཆུང་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང། རང་འགྲེལ་ལས། སངས་རྒྱས་རྣམས་བྱུང་བར་གྱུར་པ་ན་ཞེས་པ་ནས་མོས་པ་ཇི་ལྟ་བ་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ་ཞེས་པའི་བར་དང། བྱང་ཆུབ་སེམས་དཔའ་དེ་དག་ཅི་ཡི་རྒྱུ་ཅན་ཞིག་ཡིན་ཞེ་ན། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པའི་ཕྱིར། ཆོས་གསུམ་དང་བྱང་སེམས་རྒྱུ་འབྲས་མཚན་ཉིད་པ་འཇོག་དགོས་སོ།།

དྲི་བ་གཉིས་པ།

རྗེ་རིན་པོ་ཆེའི་གཞུང་འགའ་ཞིག་ན་རང་བཞིན་མེད་པར་རྣམ་གྲངས་པའི་དོན་དམ་ཙམ་ལས་དོན་དམ་མཚན་ཉིད་པ་མ་ཡིན་པ་ལྟ་བུར་གསུངས་ཤིང།འགའ་ཞིག་ལས་ནི་དོན་དམ་མཚན་ཉིད་པར་གསུངས་པ་གཉིས་ལས་རྗེའི་དགོངས་པ་མཐར་ཐུག་གང་ཡིན་དང་དེ་ཉིད་རྗེ་དང་འཕགས་པ་ཡབ་སྲས་ཀྱི་གཞུང་ལ་གཏུགས་ནས་ལུང་རིགས་ཀྱིས་ཇི་ལྟར་བསྒྲུབ།

དྲིས་ལན་གཉིས་པ།

མེད་པ་དོན་དམ་མཚན་ཉིད་པ་མ་ཡིན་པ་ལྟ་བུར་གསུངས་སྙམ་ན། དེས་རང་བཞིན་མེད་པ་དོན་དམ་མཚན་ཉིད་པ་མ་ཡིན་པར་བསྟན་པ་མ་ཡིན་གྱི་རང་བཞིན་མེད་པ་དེ་རིགས་ཤེས་རྗེས་དཔག་གི་ངོར་ཀུན་རྫོབ་སྤྲོས་པ་སྟེ་ཀུན་རྫོབ་ཀྱི་སྣང་བ་དང༌། བདེན་པའི་སྤྲོས་པ་སྟེ་བདེན་གྲུབ་ཀྱི་སྣང་བ་གཉིས་ཀ་བཅད་པའི་དོན་དམ་མིན་ཞེས་པ་ཡིན་ཏེ། ལམ་རིམ་འབྲིང་པོ་ལས། གཟུགས་སོགས་ལ་དོན་དམ་པར་སྐྱེ་སོགས་བཀག་པའི་ཡུལ་གྱི་དོན་དམ་ལ་ཡང་ཚུལ་གཉིས་བཤད་དགོས་ལ། དེ་ལ་ནི་ཡུལ་གྱི་སྟོང་ཉིད་དེ་རིགས་ཤེས་རྟོག་མེད་ཀྱི་ངོར་ནི་སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་དངོས་ཡིན་ལ། རིགས་ཤེས་རྟོག་བཅས་ཀྱི་ངོར་ནི་སྤྲོས་པ་ཕྱོགས་གཅིག་

ཙམ་དང་བྲལ་བས་སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་དངོས་མིན་གྱི། སྤྱིར་དོན་དམ་དངོས་མིན་ཟེར་བ་མིན་ནོ། ཞེས་གསུངས། རྗེའི་གཞུང་གི་ཁུངས་ནི་ལྷག་མཐོང་ཆུང་བའི་གཞུང་དྲངས་མ་ཐག་པ་དེ་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་ནི་རབ་གྲུབ་འགྱུར། །ཞེས་དང། རྩོད་ཟློག་ལས། ཚིག་མེད་པར་ཡང་མེད་པ་ཡི། །འགོག་པ་འགྲུབ་པར་འགྱུར་ཞེས་པ། །དེ་ལ་ཚིག་ནི་མེད་ཅེས་པར། །གོ་བར་བྱེད་ཀྱི་སེལ་བྱེད་མིན། །ཞེས་གསུངས་ཤིང། དེའི་རང་འགྲེལ་ལས། ཁྱོད་ཀྱི་ཚིག་དག་མེད་པར་ཡང་སྟེ་ཞེས་པ་ནས། རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེས་ཅི་ཞིག་བྱེད་ཅེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། ཞེས་པའི་བར་གྱི་ཤེས་བྱེད་དཔེ་དང་བཅས་ཏེ་གསལ་བར་གསུངས་ལ། འཕགས་པ་ལྷས་ཀྱང༌། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་དང། དེའི་འགྲེལ་བ་ལས། འདི་ན་གང་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང། གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི། ཞེས་དེ་དག་རྣམ་གྲངས་པར་གསུངས་པ་དང། ཡང་བཞི་བརྒྱ་པའི་འགྲེལ་བ་ལས། དེ་ལ་བདག་ཅེས་བྱ་བ་ནི། གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། ཞེས་དང་འཇུག་པ་རྩ་འགྲེལ་སོགས་རང་བཞིན་མེད་པ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་པའི་ལུང་ཤིན་ཏུ་མང་ངོ། དེ་ཐམས་ཅད་ཀྱི་ཁུངས་ནི། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ཞེས་པ་འདི་ཡིན། སྒྲུབ་བྱེད་ཀྱི་རིགས་པ་སྤྱིར་མཐའ་ཡས་པ་ཡོད་ཀྱང་གཙོ་བོ་ནི། མདོ་འདིས་བསྟན་པའི་རྟེན་འབྱུང་གི་གཏན་ཚིགས་འདི་ཡིན་ལ། འདིས་རང་བཞིན་གྱིས་མེད་པ་དེ་ཡུལ་གྱི་ལྟ་བ་མཐར་ཐུག་ཡིན་པ་ཤིན་ཏུ་གསལ་བ་ཡིན་ནོ།།

དྲི་བ་གསུམ་པ།

བོད་ཀྱི་མཁས་པ་འགས་སྤྲོས་བྲལ་དང་རང་བཞིན་མེད་པའི་སྟོང་པ་གཉིས་ཟབ་མི་ཟབ་ཁྱད་པར་ཆེན་པོ་ཡོད་པ་དང་སྤྲོས་བྲལ་ཉན་རང་གིས་མ་རྟོགས་པ་ལྟ་བུར་བཤད་པ་དེ་འཐད་མིན་འཕགས་ཡུལ་མཁས་པའི་གཞུང་ལ་གཏུགས་ནས་དཔྱད་པ་གཏོང་རོགས།

དྲིས་ལན་གསུམ་པ།

སྤྲོས་བྲལ་ཞེས་པ་ནི། ཡུལ་ལ་སྦྱར་ན་བདེན་གྲུབ་བམ་རང་བཞིན་གྱིས་གྲུབ་པའི་སྤྲོས་པ་བཀག་ཙམ་ལ་འཇོག་པ་དང། ཡུལ་ཅན་སྤྲོས་བྲལ་གྱི་བློ་ནི། རང་བཞིན་གྱིས་གྲུབ་པའི་སྤྲོས་པ་དང་ཀུན་རྫོབ་ཀྱི་སྤྲོས་པ་གཉིས་ཀ་གནས་ལུགས་གཟིགས་པའི་གཟིགས་ངོར་འགོག་པའི་བློ་གཅིག་ལ་འཇོག་དགོས་པས་སྤྲོས་བྲལ་དང་རང་བཞིན་མེད་པ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། བཞི་བརྒྱ་པ་ལས། ཞི་སྒོ་གཉིས་པ་མེད་པ་དང། །ཞེས་དང༌། དེའི་འགྲེལ་བ་ལས། ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ། རང་བཞིན་མེད་པར་ལྟ་བ་ལས་མ་གཏོགས་པར་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་མ་ཡིན་ནོ། དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི། ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ། ཞེས་ཐེག་པ་ཆེ་ཆུང་གཉིས་ཀའི་མྱང་འདས་སུ་འགྲོ་བའི་རྒྱུ་ཐབས་ཀྱི་ཆ་ནས་མ་གཏོགས་ལྟ་བའི་ཆ་ནས་ཁྱད་མེད་པར་གསུངས་པའི་ཕྱིར་རོ། །

དྲི་བ་བཞི་པ།

རྗེའི་གཞུང་ན་ལྟ་བ་མེད་དགག་ཏུ་བཤད་པ་དང། མ་ཡིན་དགག་ཏུ་བཤད་པ་གཉིས་འདུག་པས་གང་ཞིག་རྗེ་དང་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་ཡིན་པ་ལུང་རིགས་ཀྱིས་བསྒྲུབ་རོགས།

དྲིས་ལན་བཞི་པ།

ལྟ་བ་ལ་ཡུལ་དང་ཡུལ་ཅན་གཉིས་ལས་ཡུལ་གྱི་ལྟ་བ་ཞེས་པ་སྟོང་ཉིད་ལ་གོ་རྒྱུ་ཡིན་པས། རྗེའི་གཞུང་ནས་མེད་དགག་ཡིན་མིན་གཉིས་འབྱུང་ཞེས་པ་ནི། ལྟ་བའི་བསྟན་བཅོས་ཆེན་པོ་ལྔ་ལས་སྟོང་ཉིད་ལ་མེད་དགག་མ་གཏོགས་མ་ཡིན་དགག་ཡིན་ཚུལ་གཏན་ནས་མེད་ལ། འོན་ཀྱང་ཁྱེད་ཀྱི་དྭོགས་གཞི་དེ་གསེར་ཕྲེང་དུ། མཉམ་གཞག་སྣང་མེད་དང་སྣང་བཅས་གཉིས་ལས་སྔ་མ་རྩོད་པའི་གཞི་ཆེ་བས་རེ་ཞིག་ཕྱི་མའི་ཕྱོགས་སུ་འབྲང་བ་ལྟ་བུར་གསུངས་པ་དེ་ཡིན་ཤས་ཆེ། དེ་ནི་བོད་ཀྱི་མཁས་པ་སྔ་མ་བུ་སྟོན་རིན་པོ་ཆེ་དང་ཉ་དབོན་ཀུན་དགའ་དཔལ་གྱི་འདོད་པ་བསྐྱར་བ་ཙམ་ལས་རྗེའི་དགོངས་པ་མིན་པ་ནི་རེ་ཞིག་ཞེས་པའི་ནུས་པ་དང་རྗེའི་གཞུང་གཞན་ལ་བརྟེན་ནས་གོ་བར་འགྱུར་རོ། སྟོང་ཉིད་མེད་དགག་ཡིན་ཏེ། ཚིག་གསལ་ལས། རྗེས་སུ་དཔག་པ་དག་ནི་གཞན་གྱིས་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། ཞེས་རང་བཞིན་གྱིས་གྲུབ་པ་འགོག་པ་ཙམ་ཡིན་གྱི། དེ་ལས་གཞན་གང་ཡང་མི་སྒྲུབ་པའོ། འཕགས་པས། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་

མིན། །ནག་པོ་མིན་ཞེས་སྨྲ་བ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་དང། ལེགས་ལྡན་འབྱེད་ཀྱིས་ས་ལ་སོགས་པ་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་པ་དགག་པ་ཙམ་ཞིག་བྱེད་པར་ཟད་ཀྱི། གཞན་གྱི་ངོ་བོ་ཉིད་ཡིན་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་མི་སྒྲུབ་པ་ཡིན་ནོ། ཞེས་དང༌། ལེགས་བཤད་སྙིང་པོ་ལས། དགག་བྱ་བཅད་ཙམ་གྱི་དགོས་པ་ཅན་དུ་བཤད་པ་ནི་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་ཏེ། ཞེས་རྟོག་གེ་འབར་བ་དྲངས་པས་ཐལ་རང་སུའི་ལུགས་ལ་ཡང་སྟོང་ཉིད་ལ་མེད་དགག་དགོས་པར་ཡང་ཡང་གསུངས་སོ། ཆོས་ཉིད་ཆོས་ཅན། དགག་བྱ་ཆོས་བདག་བཀག་ཙམ་གྱི་མེད་དགག་ཡིན་ཏེ། དཔེར་ན་ནམ་མཁའ་ཐོགས་རེག་བཀག་ཙམ་ལ་འཇོག་པ་དང་མཚུངས་པའི་ཕྱིར།

དྲི་བ་ལྔ་པ།

ཚིག་གསལ་དུ་རང་རྒྱུད་འགོག་སྐབས་ཕྱོགས་མེད་པ་དང་དམ་བཅའ་མེད་པའི་ལུང་གཉིས་དྲངས་ནས་བསྒྲུབས་འདུག་པས་ལུང་དེ་གཉིས་རང་རྒྱུད་མི་རུང་བའི་ཤེས་བྱེད་དུ་འགྲོ་ཚུལ་ཇི་ལྟར་ཡིན་དང། ཐ་སྙད་དུ་རང་རྒྱུད་ཀྱི་རྟགས་ཡོད་མེད་དང་རང་རྒྱུད་རྟགས་ཀྱི་གོ་དོན་ཇི་ལྟར་ལགས།

དྲིས་ལན་ལྔ་པ་ནི།

ཟླ་བས་ལེགས་ལྡན་འགོག་སྐབས། རྩོད་ཟློག་དང། བཞི་བརྒྱ་པ་གཉིས་དྲངས་ནས་ཕྱོགས་གཞན་ཁས་བླངས་མེད་པར་གསུངས་པ་ནི། རང་རྒྱུད་འགོག་པའི་ཤེས་བྱེད་དུ་འགྲོ་ཚུལ་ནི། རང་རྒྱུད་ཀྱི་གཏན་ཚིགས་ཞེས་པ་ནི། བསྒྲུབ་བྱ་སྒྲུབ་ནུས་ཀྱི་ཚུལ་གསུམ་རང་ངོས་ནས་གྲུབ་པ་ཞིག་ལ་བྱེད་པ་ཡིན་ཏེ། ཤེར་སྒྲོན་ལས་རང་དབང་དུ་བྱས་ནས་སམ་ཞེས་སོགས་ཀྱིས་རང་རྒྱུད་ཅེས་པ་དང། རང་དབང་དུ་ཞེས་པ་གཉིས་གནད་གཅིག་པ་དང། ཟླ་བས་ཚིག་གསལ་དུ་དབུ་མ་པ་ཡིན་ན་རང་རྒྱུད་བྱ་མི་རིགས་པར་གསུངས་པ་དང། འཇུག་པ་དང་རང་འགྲེལ་ལས། ཁོ་བོ་ཅག་གི་ཕྱོགས་ལ་མཚུངས་པར་ཐལ་བ་མི་འཇུག་ཏེ། གང་གི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ནི། སུན་འབྱིན་པས་སུན་དབྱུང་བར་བྱ་བ་འཕྲད་ནས་ཀྱང་སུན་འབྱིན་པར་མི་བྱེད་པ་ཉིད་ལ། སུན་འབྱིན་པས་སུན་དབྱུང་བར་བྱ་བ་མ་ཕྲད་པར་ཡང་སུན་འབྱིན་པར་མི་བྱེད་དེ། སུན་དབྱུང་བ་དང་སུན་འབྱིན་པ་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། ཞེས་དངོས་སྨྲ་བས་བཀོད་པའི་རིགས་པའི་བརྟག་པ་མི་འཇུག་པའི་རྒྱུ་མཚན་དུ་རང་བཞིན་གྱིས་མ་གྲུབ་པ་བཀོད་ཀྱི་ཁས་ལེན་མེད་པ་མ་བཀོད་པའི་ཕྱིར་རོ། དེ་བཞིན་དུ་འཕགས་པ་ཡབ་སྲས་ཀྱི་གཞུང་ཤིན་ཏུ་མང་ཡང་ཡིག་ཚོགས་ཆེ་བས་མ་བྲིས། ཐ་སྙད་དུ་རང་རྒྱུད་ཀྱི་རྟགས་མེད་ཚུལ་དང་རང་རྒྱུད་ཀྱི་རྟགས་ཀྱི་གོ་དོན་གོང་སྨོས་དེ་དག་གིས་ཤེས་པར་འགྱུར་རོ།།

དྲི་བ་དྲུག་པ།

རྗེའི་གསུང་ན་དབུ་མའི་རང་ལུགས་ལ་ཁས་ལེན་ཡོད་མེད་བཞེད་ཚུལ་མི་འདྲ་བ་གཉིས་འདུག་པས། གང་ཞིག་རྗེ་དང་འཕགས་པའི་དགོངས་པར་འགྲོ་བ་དང་ཁས་ལེན་དང་ཕྱོགས་དང་དམ་བཅའ་མེད་པར་གསུངས་པའི་གཞུང་ཆེན་མོ་རྣམས་ཀྱི་སྐབས་སོ་སོའི་ཁས་ལེན་སོགས་མེད་ལུགས་འདྲ་མིན་ཇི་ལྟར་ལགས།

དྲིས་ལན་དྲུག་པ།

སྤྱིར་ཁས་ལེན་མེད་པ་གསུངས་པ་དང་ཕྱོགས་མེད་པར་གསུངས་པ་ནི། འཁོར་བ་དང་མྱང་འདས་སྐྱབས་གསུམ་དང་བདེན་ བཞི་སོགས་གང་ཡང་ཁས་མི་ལེན་ཟེར་བ་མིན་གྱི། ཕན་ཚུན་དགག་སྒྲུབ་བྱེད་སྐབས། རང་ཉིད་ཀྱིས་་དོན་དེ་ཁས་མ་བླངས་པ་ལ། རྒོལ་བས་དེ་གཞི་ལ་བཞག་ནས་དགག་སྒྲུབ་བྱེད་པ་ལ། ལན་དུ་ངས་དེ་ལྟར་མི་འདོད་པས་སྐྱོན་དེ་དག་ང་ལ་མི་འཇུག་ཅེས་པའི་དོན་ཡིན། དཔེར་ན་ལེགས་ལྡན་གྱིས་རང་རྒྱུད་ཀྱི་གཏན་ཚིགས་ཡོད་པ་གཞིར་བཞག་གི་སྟེང་ནས་སངས་རྒྱས་བསྐྱངས་ཀྱི་ འགྲེལ་ངག་ལ་རང་ཕྱོགས་སྒྲུབ་པ་དང། གཞན་ཕྱོགས་འགོག་པ་མེད་པའི་སྐྱོན་བརྗོད་བྱས་པ་ལ་ཟླ་བས་སངས་རྒྱས་བསྐྱངས་ལ་རང་བཞིན་གྱིས་གྲུབ་པའི་ཕྱོགས་སམ་ཁས་ལེན་མེད་པ་དང། དབུ་མ་པ་ཡིན་ན་རང་རྒྱུད་བྱ་མི་རིགས་པ་སོགས་ཀྱི་ལན་མཛད་པ་བཞིན་ནོ། དེ་བཞིན་དུ་ཚིག་གསལ་ལས་རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི། ཕྱོགས་གཞན་ཁས་ བླངས་པའི་སྒོ་ནས་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །

དྲི་བ་བདུན་པ།

ཐལ་རང་གཉིས་སོ་སོའི་ལུགས་ཀྱི་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱའི་ཚད་དང། དགེ་ཆོས་ཀྱིས་ཀ་བུམ་སོགས་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་དང། བུམ་འཛིན་རྟོག་པ་སོགས་བདེན་འཛིན་ཡིན་ཏེ། དེ་དག་བདེན་འཛིན་མིན་ན། ང་ཚོར་ཉིན་གང་བདེན་འཛིན་མངོན་དུ་མི་འགྱུར་བའི་ཐལ་བ་སོགས་བཏང་འདུག་པ་ལ་ལན་ཇི་ལྟར་འདེབས་དགོས་ལགས།

དྲིས་ལན་བདུན་པ།

ཕུང་སོགས་ཀྱི་ཆོས་རྣམས་ཀྱི་ཡོད་ཚུལ་གདགས་གཞིའི་ངོས་ནས་སམ་འཇོག་བྱེད་ཀྱི་སྒྲ་རྟོག་གིས་ཕར་བཏགས་ཙམ་མ་ཡིན་པར་ཁོ་རང་ངོས་ནས་ཡོད་པ་དེ། བརྟགས་པ་མཐའ་བཟུང་གི་དབང་དུ་བྱེད་ན། དོན་དམ་དཔྱོད་པའི་ཡུལ་གྱི་དགག་བྱ་དང། དེ་ལྟར་འཛིན་པའི་བློ་དེ་དོན་དམ་དཔྱོད་བྱེད་ཀྱི་ཡུལ་ཅན་གྱི་དགག་བྱར་འདོད་པ་ཐལ་འགྱུར་བ་དང། ཆོས་རྣམས་ཀྱི་ཡོད་ཚུལ་གདགས་གཞིའི་ངོས་ནས་གྲུབ་པ་གཞིར་བཞག་གི་སྟེང་དུ་བློ་གནོད་མེད་དེ་འཇུག་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བའི་ཆ་ལ་མ་འཁྲུལ་བའི་བློས་བཞག་པ་མ་ཡིན་པར་ཡུལ་ཁོ་རང་རྐྱང་པའི་ངོས་ནས་གྲུབ་པ་དེ། དོན་དམ་དཔྱོད་བྱེད་ཀྱི་ཡུལ་གྱི་དགག་བྱ་དང།

དེ་ལྟར་འཛིན་པ་དེ་ཡུལ་ཅན་གྱི་དགག་བྱར་དབུ་མ་རང་རྒྱུད་པས་བཞེད་པའོ། དགེ་ཆོས་ཀྱི་གསུང་དེ་བློས་ཡུལ་འཛིན་ཚུལ་དང་སྣང་ཚུལ་གཉིས་ཀྱི་ཁྱད་པར་མ་ཕྱེ་བར་བློ་ཐམས་ཅད་འཛིན་སྟངས་རིགས་གཅིག་པ་རུ་འཁྲུལ་བའི་གཏམ་དུ་འདུག་པས་མཁས་པ་ཆེན་པོ་ཁྱེད་དེ་ལ་གསུང་ལན་བསྐྱོན་རྒྱུར་དཀའ་ཚེགས་འདུག་ཚེ། རྟག་པ་དང་མི་རྟག་པ་བུམ་པ་དང་བུམ་མིན། ཡོད་པ་དང་མེད་པ་བདེན་མེད་དང་བདེན་གྲུབ་སོགས་འཛིན་པའི་བློ་ཐམས་ཅད་འཛིན་སྟངས་ཀྱི་རིགས་མཚུངས་མིན་ཐུགས་སེམས་བཞེས་ན་དཀའ་ཚེགས་དེ་ལས་གྲོལ་མི་ཡོང་ངམ་སྙམ། དགེ་ཆོས་ལྟར་ན་གཞན་ཡང་མིག་སོགས་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱང་འགོག་རིགས་པར་ཐལ། དོན་དམ་དཔྱོད་བྱེད་ཀྱི་ཡུལ་གྱི་དགག་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། དཔལ་ལྡན་ཟླ་བའི་གཞུང་དང་དངོས་སུ་འགལ་ཏེ། བཞི་བརྒྱ་པའི་འགྲེལ་བ་ལས། ཁོ་བོ་ཅག་གིས་རྣམ་པར་དཔྱོད་པ་ནི། རང་བཞིན་འཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི །མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་ བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །དེའི་ཕྱིར་དེ་ཡོད་པས། གང་ཞིག་རྣམ་པར་སྨིན་པ་ཉིད་དུ་བསྟན་པ་མིག་ལ་སོགས་པ་ཡོད་པ་ཉིད་དོ། ཞེས་པ་ལས་ཤིན་ཏུ་གསལ་བའི་དེར་ཞིབ་གཟིགས་གནང་རོགས།

དྲི་བ་བརྒྱད་པ།

རྗེའི་ལུགས་འཛིན་ཆེན་པོ་དག་ལ་ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་མེད་འདོད་པའི་ཕྱོགས་གཉིས་ལས་གང་འཐད་རྗེ་དང་འཕགས་པ་ཡབ་སྲས་ཀྱི་དགོངས་པར་འགྲོ་མིན་ལུང་རིགས་ཀྱིས་བསྒྲུབ་རོགས།

དྲིས་ལན་བརྒྱད་པ།

ཕྱོགས་གཉིས་ཀས་བདེན་འཛིན་དུ་གྱུར་པའི་ཤེས་སྒྲིབ་མེད་པ་ནི་འདོད་ལ། རང་གི་རྨོངས་བློར་འཆར་ཚོད་ནི། ཆགས་སོགས་ཉེས་པ་ཀུན་གྱི་རྩ་བ་གཏི་མུག་བདེན་འཛིན་ཉོན་སྒྲིབ་ཏུ་བཞག་པ་ནི། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །ཞེས་སོགས་དང། རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །ཞེས་སོགས་དང། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིགས་ཚོགས་ལ། །ཞེས་སོགས་ལས་ཤིན་ཏུ་གསལ་ཤིང། རྗེ་ཡི་འཇུག་ཏྲིཀ་ལས་བདེན་འཛིན་མ་ཟད་བར་དུ་ཤེས་སྒྲིབ་མི་སྤངས་པར་གསུངས་པ་ལས་ཤིན་ཏུ་གསལ་བས། ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་ན་གཏི་མུག་བདེན་འཛིན་དེ་ཡིན་དགོས་པ་ལས་དེ་ཉོན་སྒྲིབ་ཡིན་ན་ དེ་ལས་ཕྲ་བའི་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་དམ་སྙམ། འོན་ཀྱང་ཤེས་པར་གྱུར་པའི་ཤེས་སྒྲིབ་འདོད་མཁན་རྣམས་ཀྱི་ཁུངས་ནི་དགོངས་འགྲེལ་ལས། བཅོམ་ལྡན་འདས་དེ་དག་ལ་ཀུན་ཏུ་རྨོངས་པ་དུ་མཆིས། གནས་ངན་ལེན་མི་མཐུན་ཕྱོགས་ནི་དུ་མཆིས་ཞེས་པའི་ལན་དུ། སྤྱན་རས་གཟིགས་དབང་ཕྱུག་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང༌། གནས་ངན་ལེན་མི་མཐུན་པའི་ཕྱོགས་ཞེས་སོགས་དང༌། ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས། མི་ཤེས་ཉོན་མོངས་མིན་སྤོང་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་ལས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་

པར་འགྱུར། །ཞེས་དང༌། ཡང་དེ་ཉིད་ལས། མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །ཅེས་སོགས་ལ་བརྟེན་ནས་ཤེས་པར་གྱུར་བའི་ཤེས་སྒྲིབ་ཡོད་པར་འདོད། འོན་ཀྱང་དེ་དག་གི་དོན་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཤེས་པ་གཅིག་གིས་བདེན་གཉིས་ཅིག་ཅར་དུ། །མངོན་སུམ་མཐོང་བའི་སྒྲིབ་བྱེད་ཕྲ་བ་ལ། །མ་རིག་གིས་བཏགས་ཤེས་པ་དངོས་མིན་པས། །དེ་ལ་འགལ་བ་ཆ་ཙམ་ཡོད་མ་ཡིན། །ཞེས་གསུངས་འདུག་པས་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་རྗེ་ཡི་དགོངས་པ་ཡིན་ནམ་སྙམ།

དྲི་བ་དགུ་པ།

རྗེ་རིན་པོ་ཆེས་རིགས་ངེས་བྱང་སེམས་ཀྱིས་ཉོན་སྒྲིབ་མ་སྤངས་བར་དུ་ཤེས་སྒྲིབ་སྤོང་བའི་འགོ་མི་བརྩོམ་པ་དང། བདེན་འཛིན་ཉོན་སྒྲིབ་ཏུ་གསུངས་པ་དེ་རྒྱ་གར་མཁས་པའི་གཞུང་ལ་གཏུགས་ནས་བསྒྲུབ་རོགས།

དྲིས་ལན་དགུ་པ།

བདེན་འཛིན་ཉོན་སྒྲིབ་ཡིན་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པ་ལས། འཁོར་བ་ལས་གྲོལ་བ་ལ་རྟག་ཆད་ཀྱི་མཐར་འཛིན་གཉིས་ཀ་སྤང་དགོས་པར་གསུངས་པ་དང། ཟླ་བས་རིང་སོང་སྐབས་སུ་ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱབ་པ་ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབས་པ་དང། ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་དང་ཆོས་ཀྱི་ བདག་འཛིན་གྱི་གཞི་མཐུན་དུ་འཕགས་པ་ལྷས་བཞི་བརྒྱ་པ་སོགས་ལས་གསུངས་པས་གྲུབ་སྟེ། འཁོར་བ་ལས་མ་གྲོལ་བའི་ དགྲ་བཅོམ་པ་མེད། དགྲ་བཅོམ་ལ་འཁོར་བ་སྤང་དགོས། ཉན་ཐོས་དགྲ་བཅོམ་ཤེས་སྒྲིབ་སྤངས་པའི་འགོ་མ་བརྩམས་པའི་ ཕྱིར། ས་བརྒྱད་པ་ནས་ཉོན་སྒྲིབ་སྤངས་བའི་ལུང་འཇུག་པ་རང་འགྲེལ་(༡༠༣)དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་ བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི། བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། ཞེས་གང་ཟག་དེ་དག་གི་བློ་གང་གི་ངོར་མི་བདེན་པར་གསུངས་པ་གང་ཞིག་དེ་དག་ལ་བདེན་འཛིན་ཡོད་ན་རྣམ་གཞག་དེ་མི་རུང་པའི་ཕྱིར་རོ།།

དྲི་བ་བཅུ་པ།

རྗེ་རིན་པོ་ཆེས་ཉན་རང་དགྲ་བཅོམ་གྱིས་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་དང་བདེན་བཞི་ལ་ཕྲ་རགས་གཉིས་སུ་ཕྱེ་བ་ལ་སྒྲུབ་བྱེད་ཡོད་མེད་འདོད་ཚུལ་གཉིས་འདུག་པས་དཔལ་ལྡན་ཟླ་བའི་དགོངས་པ་མཐར་ཐུག་གང་ཡིན་ལུང་རིགས་གིས་བསྒྲུབ་རོགས།

དྲིས་ལན་བཅུ་པ།

ཉན་རང་དགྲ་བཅོམ་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་ཡོད་པར་གསུངས་པའི་རྗེའི་གཞུང་གསལ་བར་མ་མཇལ་ཞིང། ཉན་རང་བྱང་སེམས་རྣམས་ལ་ཆོས་ཀྱི་བདག་མེད་རྟོགས་པ་དང་དགྲ་བཅོམ་པས་ཆོས་ཀྱི་བདག་འཛིན་སྤངས་པ་དག་སའི་བྱང་སེམས་དང་མཚུངས་ ཀྱང། བདེན་མེད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་མ་རྟོགས་དང༌། བདག་མེད་སྒོམ་པ་རྫོགས་མ་རྫོགས་ སོགས་ཀྱི་ཁྱད་པར་ཡོད་པར་དགོངས་པ་རབ་གསལ་དུ་གསལ་ཞིང། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པའི་ལུང་གིས་རང་འགྲེལ་དང་རྗེའི་འཇུག་ཏྲིཀ་གཉིས་ཀ་ལས་བསྒྲུབས་པའི་ཕྱིར། བདེན་བཞི་ལ་ཕྲ་རགས་གཉིས་འབྱེད་པ་ནི། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་བདེན་བཞི་དང། ཐལ་འགྱུར་བའི་འདོད་པའི་ བདེན་བཞི་གཉིས་ལ་ཕྲ་རགས་ཡོད་པའི་གནད་ཀྱིས་ཡིན་ཏེ། རང་རྒྱུད་པ་མན་ཆད་ཀྱི་འདོད་པའི་རྟེན་འབྲེལ་ཡན་ལག་བཅུ་ གཉིས་ཀྱི་དང་པོ་མ་རིག་པ་དང། དེས་ཀུན་ནས་སླངས་པའི་ལས་གཉིས་ནི་རགས་པའི་ཀུན་འབྱུང་དང། གང་ཟག་རང་གི་ མཚན་ཉིད་ཀྱིས་གྲུབ་པ་འཛིན་པའི་བློ་དང། དེའི་དབང་གིས་བསགས་པའི་ལས་གཉིས་ནི། ཕྲ་བའི་ཀུན་འབྱུང་དུ་འཇོག་དགོས་ཏེ། ཟླ་བས་འཇུག་པ་ལས། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོར་རྟོགས་ལ་ཤིན་ ཏུ་མཁས་པའང་ཐོབ། །ཅེས་ས་ལྔ་པ་བ་དེ་བློ་བཟང་འཕགས་པའི་བདེན་བཞི་ཕྲ་རགས་ཐམས་ཅད་ཞིབ་མོས་བློ་ཡིས་རྟོགས་པར་གསུངས་པའི་ཕྱིར་དང། སྤྱོད་འཇུག་ལས། སྲེད་འདི་ཉོན་མོངས་ཅན་མིན་ཡང། །ཞེས་སོགས་ཀྱིས་གྲུབ་པའི་ཀུན་འབྱུང་ལ་ཕྲ་རགས་ཡོད་ན་བདེན་པ་གཞན་གསུམ་ལ་ཡང་ཕྲ་རགས་ཡོད་པ་རིགས་པ་དེའི་འགྲོས་ཀྱིས་གྲུབ་པས་སྒྲུབ་བྱེད་མེད་པ་མ་ཡིན་ནོ།།

དྲི་བ་བཅུ་གཅིག་པ།

ཤེར་སྒྲོན་ལས་བདག་སྐྱེ་མེད་པར་སྒྲུབ་སྐབས་བསྒྲུབ་བྱ་མེད་དགག་ཏུ་སྒྲུབ་སྐབས་དེ་དགག་པ་གཙོ་ཆེ་བའི་ཕྱིར་མ་ཡིན་ པར་དགག་པ་ནི་སྒྲུབ་པ་གཙོ་ཆེ་བའི་ཕྱིར་མ་ཡིན་པར་དགག་པའི་དོན་དུ་བཟུང་ན་ནི་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པར་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་རོ།། དེའི་བསྒྲུབ་ བྱ་མ་ཡིན་དགག་ཡིན་ན་ཀླུ་སྒྲུབ་ཀྱི་གྲུབ་མཐའ་དང་འགལ་གསུངས་པས་འགལ་ས་ཀླུ་སྒྲུབ་ཀྱི་གཞུང་དང་ཚུལ་ཇི་ ལྟར་འགལ་བ་དང་དེའི་ཤེས་བྱེད་དུ་དྲངས་པ་སྡུད་པ་ལས། སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གཟུགས་སྐྱེ་མེད་ལ་སྤྱོད་ན་ ཤེར་ཕྱིན་ལ་མི་སྤྱོད་གསུང་པའི་དོན་གང་ལགས།

དྲིས་ལན་བཅུ་གཅིག་པ།

སྤྱིར་རང་བཞིན་མེད་པར་གཏན་ལ་འབེབ་པའི་སྐབས་དང་ཁྱད་པར་དེའི་སྒྲུབ་བྱེད་མཐའ་བཞི་ལས་མི་སྐྱེ་པར་གསུངས་པས་སྐབས་ཐམས་ཅད་དུ་མེད་དགག་རྐྱང་པར་བསྒྲུབ་བྱ་མ་སོང་བར་སྒྲུབ་པ་དང་མ་ཡིན་

དགག་གང་རུང་བསྒྲུབ་བྱར་སོང་ན་ དགག་བྱ་མཐའ་ཆོད་པ་མི་ཁེགས་ཤིང་ཤུལ་ལྷག་ཅུང་ཟད་ལུས་འགྲོ་བའི་གནད་ཀྱིས་ཡིན་ཏེ། གཞི་དེ་རང་བཞིན་ཡོད་མེད་དཔྱོད་པའི་བློ་ཡིས་གཞི་དེའི་སྟེང་དུ་རང་བཞིན་གྱིས་གྲུབ་པ་བཀག་ཙམ་ལས་གཞན་ཡོད་པ་དང་ཡིན་པ་གང་རུང་ཞིག་རྙེད་ན་རང་བཞིན་གྱིས་གྲུབ་པའི་ཡོད་པ་དང་ཡིན་པ་གང་རུང་རྙེད་ དགོས་པའི་གནད་ཀྱིས་ཡིན་ལ། དེས་རྙེད་པ་ནི་གང་རང་བཞིན་ཡོད་མེད་དཔྱོད་སའི་གཞི་དེ་རང་བཞིན་གྱིས་གྲུབ་པ་ བཀག་པ་ཙམ་དང་རང་བཞིན་གྱིས་མེད་པ་ཙམ་ཞིག་རྙེད་པའི་ཕྱིེར། སླར་ཡང་རང་བཞིན་གྱིས་མེད་པ་དེ་ཉིད་ཁྱད་གཞིར་ བཟུང་ནས་སྔར་ལྟར་དཔྱོད་ན་རང་བཞིན་གྱིས་མེད་པ་དེ་ཡང་མི་རྙེད་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་གཞག་དེ་ལྟར་བཞག་པའི་ཕྱིར། ཀླུ་སྒྲུབ་ཀྱི་གཞུང་དང་འགལ་ས་ནི་དོན་དམ་ལ་དཔྱོད་སྐབས་བསྒྲུབ་བྱ་མེད་དགག་དུ་སྟོན་པའི་གཞུང་ ཐམས་ཅད་དང་འགལ་ལ་མཚན་གཞི་ཙམ་ངོས་བཟུང་ན། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་དང༌། ནག་པོ་མིན་ཞེས་བརྗོད་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་ཕྱིར། །ཞེས་སོགས་མཐའ་ཡས་སོ། འགལ་ཚུལ་ནི། བསྒྲུབ་བྱ་མེད་དགག་མ་ཡིན་ན་དགག་བྱ་རྫོགས་པར་མི་ཁེགས་པའི་ཕྱིར། སྡུད་པ་ལས། མཚན་མ་མེད་པ་ལ་དཔྱོད་ན་ཤེར་ཕྱིན་ལ་མི་དཔྱོད་པར་གསུངས་པའི་དོན་ནི། མཚན་མ་སྟེ་དགག་བྱ་དང་དེ་མེད་པ་ལ་སྤྱོད་ན་ཤེར་ཕྱིན་ལ་མི་སྤྱོད་ཅེས་པ་ནི་དེ་བཀག་ཙམ་གྱི་མེད་དགག་ལས་གཞན་དེ་བཀག་པའི་ཡོད་པ་ལ་སྤྱོད་ན་ཤེར་ཕྱིན་ལ་མི་སྤྱོད་ཅེས་པའི་དོན་ཡིན་ཏེ། གཞན་དུ་ན། ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་ལྟའོ་ཞེས་པ་དང་སྡུད་པ་གཉིས་འགལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ།།

དྲི་བ་བཅུ་གཉིས་པ།

ཚིག་གསལ་དུ་ལེགས་ལྡན་གྱིས་གྲངས་ཅན་ལ་དོན་དམ་པར་སྐྱེ་བ་མེད་པར་སྒྲུབ་ཚེ་ཆོས་ཅན་མཐུན་སྣང་བ་མེད་པར་གསུང་པས་དེ་མེད་དོན་དང༌། གཞན་ཡང་ཐལ་རང་གཉིས་ཀྱི་བར་སོགས་ལ་ཆོས་ཅན་མཐུན་སྣང་བ་ཡོད་མེད་དང༌། ཀུན་རྫོབ་དང་དོན་དམ་བསྒྲུབ་པ་ལ་དེ་ཡོད་མེད་ཀྱི་ཁྱད་པར་གསུངས་རོགས།

དྲིས་ལན་བཅུ་གཉིས།

ཆོས་ཅན་མཐུན་སྣང་ཡོད་མེད་ཀྱི་ཁྱད་པར་འཇོག་ཚུལ་གཉིས་ལས། རྒོལ་ཕྱི་རྒོལ་གཉིས་ཀས་གཞི་དེ་ལ་ཚད་མ་སོང་ན་གཞི་དེའི་རང་གི་ངོ་བོ་སམ་རང་མཚན་ལ་ཚད་མ་མ་སོང་བར་ཚད་མ་འགྲོ་ཚུལ་གཏན་ནས་མེད་

སྙམ་པ་དང༌། གཞི་དེ་ལ་ཚད་མ་འགྲོ་ཚེ་སྣང་ཙམ་དང་རྟོག་པས་ཕར་བཏགས་ཙམ་ཞིག་ལ་ཚད་མ་སོང་བ་ལས། རང་མཚན་ལ་ཚད་མ་གཏན་ནས་སོང་བ་མེད་སྙམ་པའི་འདོད་པ་དང་དམ་བཅའ་བའམ་ཁས་ལེན་མཐུན་མིན་ལ་འཇོག་ཚེ། ཐལ་འགྱུར་བ་དང་རང་རྒྱུད་པ་མན་ཆད་ཕྱི་ནང་སུ་དང་རྩོད་ཀྱང་ཆོས་ཅན་མཐུན་སྣང་བ་གཏན་ནས་མེད་ཀྱང༌། ཐལ་འགྱུར་བ་ནང་ཕན་ཚུན་ལ་ཆོས་ཅན་མཐུན་སྣང་བ་ཡོད་དོ། ཀུན་རྫོབ་དང་དོན་དམ་གྱི་ཁྱད་པར་ལ་དཔྱོད་སྐབས་ཆོས་ཅན་མཐུན་སྣང་བ་ཡོད་མེད་ཀྱི་ཁྱད་པར་མེད་དོ། འོན་ཀྱང་ཕྱོགས་གླང་ཡབ་སྲས་

ཀྱིས་གྲངས་ཅན་པ་སོགས་ལ་སྒྲ་མི་རྟག་པ་སྒྲུབ་སྐབས་ནམ་མཁའི་ཡོན་ཏན་དང༌། འབྱུང་འགྱུར་གྱི་སྒྲའི་ཁྱད་པར་མ་བྱས་པར་སྒྲ་ལ་ཚད་མར་འགྲོ་བ་ཙམ་ཡོད་དེ། སྒྲ་ལ་ཚད་མར་སོང་ཚེ་དེ་གཉིས་གང་རུང་ ལ་ཚད་མར་འགྲོ་དགོས་པ་དེ་གཉིས་ཀྱིས་མི་འདོད་པའི་ཕྱིར་རོ། ཡོད་ཚུལ་ཁས་ལེན་མཐུན་སྣང་བ་ཡོད་པ་ཙམ་གྱིས་ཆོས་ཅན་མཐུན་སྣང་བར་བཞག་ཚེ། ཐལ་འགྱུར་བའི་ལུགས་ལ་ཡང་རང་རྒྱུད་པ་མན་ཆད་ཀྱི་གང་ཟག་གཉིས་དགག་སྒྲུབ་བྱེད་ཚེ་ཆོས་ཅན་མཐུན་སྣང་བ་ཡོད་དེ། དེ་གཉིས་ཡོད་ཚུལ་ཁས་ལེན་མཐུན་སྣང་བ་ཡོད་པའི་ཕྱིར། འོན་ཀྱང༌། ལེགས་ལྡན་གྱིས་གྲངས་ཅན་པ་ལ། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། ཤེས་པ་ཡོད་པ་ཉིད་བཞིན་ནོ། ཞེས་པ་འདི་ལ་ཟླ་བས་ཆོས་ཅན་མཐུན་སྣང་བ་མེད་པར་གསུངས་པ་ནི། དབུ་མ་པ་ཡིན་ན་རང་མཚན་ལ་ཚད་མ་སོང་བར་ འདོད་མི་རིགས་པས་ཆོས་ཅན་མཐུན་སྣང་བ་འཇོག་མི་རིགས་པའི་སྒོ་ནས་སྐྱོན་བརྗོད་པ་ནི། རིགས་པའི་ཕུལ་མཚམས་ཡིན་པར་འདོད། གཞི་གང་ལ་ཚད་མ་སོང་ན་གཞི་དེའི་རང་བཞིན་ལ་ཚད་མ་འགྲོ་བར་འདོད་པའི་ཚད་མ་དེ་ཚད་མ་རང་ཡིན་ ཚུལ་ལ་བསམ་ཚེ། དེ་གཉིས་ལ་ཆོས་ཅན་མཐུན་སྣང་བ་ཐལ་འགྱུར་བའི་ལུགས་ལ་གཏན་ནས་མེད་དོ།།

དྲི་བ་བཅུ་གསུམ་པ།

ལེགས་ལྡན་འབྱེད་ལྟར་ན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་པའི་དངོས་ཟིན་ལས་བཟློག་དགོས་པའི་རྒྱུ་མཚན་དང། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་མདོར་བསྟན་ལ་ཡང་སྒྲའི་དོན་ཡོད་པ་དགོངས་མ་དགོངས་ཀྱི་ལུགས་གཉིས་རྗེའི་སློབ་ཆེན་དག་གི་གྲས་སུ་འདུག་པས་གང་ཞིག་རྗེའི་དགོངས་པ་མཐར་ཐུག་ཡིན་པ་གསུངས་རོགས།

དྲིས་ལན་བཅུ་གསུམ་པ།

དངོས་ཟིན་ལས་བཟློག་དགོས་དོན་ནི། སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་ཞེས་པའི་ཚིག་གི་ནུས་པས་སྒྲུབ་བྱེད་འཕེན་སྙམ་དུ་ལེགས་ལྡན་བསམ་པ་ཡིན་ཞིང། འཕེན་ན་སྐྱེ་བ་དོན་བཅས་དང་ཐུག་བཅས་འཕེན་དགོས། དེ་འཕེན་ན་གླགས་ཡོད་པའི་ཚིག་ཏུ་འགྱུར་སྙམ་ནས། ཤེར་སྒྲོན་དུ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་སྨོས་པ་ཡིན། ལེགས་ལྡན་གྱིས་ཡང་སྒྲའི་དོན་མ་དགོངས་པ་ཡིན་པ་རྗེའི་བཞེད་པ་ ཡིན་ནམ་སྙམ་སྟེ། ཡང་སྒྲའི་དོན་དགོངས་ན། བདག་སྐྱེ་མེད་པའི་རྒྱུ་མཚན་དུ་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་པ་ལ་ཐལ་བར་འགྱུར་བའི་ཚིག་གམ་གླགས་ཡོད་པའི་ཚིག་ཡིན་ཚུལ་བཤད་དཀའ་བའི་ཕྱིར་དང། རྩ་ཤེས་ཊིག་ཆེན་ལས། སྐྱེ་བ་དོན་མེད་དང་ཐུག་མེད་རྟགས་སུ་བཀོད་པར་འདོད་ན་གཏན་ཚིགས་མ་བརྗོད་ཅེས་པ་མི་འཐད་དོ་ཞེ་ན། དེ་ནི་བདག་སྐྱེ་མེད་པ་སྒྲུབ་ནུས་པས་རྟགས་མ་བརྗོད་པ་ལ་འདོད་པས་དེའི་ལུགས་ལ་མི་འགལ་ལོ། ཞེས་གསུངས་པའི་ཕྱིར།

དྲི་བ་བཅུ་བཞི་པ།

གཏན་ཚིགས་དང་རང་རྒྱུད་ཀྱི་གཏན་ཚིགས་དོན་གཅིག་ཏུ་ཁས་ལེན་མཁན་གྱི་མཁས་པ་མང་པོ་འདུག་པ་ལྟར་དོན་ལ་གནས་སམ། དེ་ལྟར་མིན་ན་ལེགས་ལྡན་གྱིས་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་གསུངས་པའི་གཏན་ཚིགས་དེ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་དོན་ཡིན་པ་འོས་མེད་དུ་བྱས་ནས་ཟླ་བས་སྐྱོན་བརྗོད་པ་ལ་འབྲེལ་ཅི་ཡོད།

དྲིས་ལན་བཅུ་བཞི་པ།

སྤྱིར་གཏན་ཚིགས་ཡང་དག་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་གཉིས་ལ་ཁྱད་མེད་དུ་ཁས་ལེན་མཁན་འགྲེལ་བཤད་མཁན་པོ་ཛ་ཡ་ཨ་ནན་ཏ་དང་ལེགས་ལྡན་སོགས་དབུ་མ་པ་མང་པོ་ཡོད་ཀྱང། ཟླ་བ་དང་སངས་རྒྱས་བསྐྱངས་སོགས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་ལ། དེའི་གནད་ཀྱིས་ལེགས་ལྡན་ལ་ཟླ་བས་སྐྱོན་བརྗོད་སྐབས་སྤྱིར་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེས་གཏན་ཚིགས་ཡང་དག་ཀྱང་བསྟན་ཏེ། ཡོད་པའི་རྟགས་ཀྱིས་མྱུ་གུ་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་མི་སྐྱེ་བ་སྒྲུབ་པའི་གཏན་ཚིགས་དཔེ་དང་བཅས་པ་བསྟན་པའི་ཕྱིར། ཟླ་བའི་ལུགས་ལ་ཡང་གཏན་ཚིགས་ཡང་དག་ཡོད་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པའི་ཕྱིར། གཏན་ཚིག་ཡང་དག་ཡོད་དེ། ཚིག་གསལ་ལས་རྟགས་བསྒྲུབ་པར་བྱ་བ་ལ་མ་འཁྲུལ་བ་ལས་བྱུང་བས་ཞེས་སོགས་དང༌། ཡང་དེ་ཉིད་ལས། དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་ཏེ་ཞེས་སོགས་གསུངས་པའི་ཕྱིར་དང༌། ལེགས་ལྡན་རང་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞལ་གྱིས་བཞེས་པའི་ཁུངས་ནི། འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །དེ་ལ་སྐུར་བའི་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། དེ་ནི་རིག་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་དང༌། དེའི་རང་འགྲེལ་ལས། འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རགས་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ། ཞེས་པའི་ཕྱོགས་སྔ་འདི་ལེགས་ལྡན་ལ་སོགས་པའི་རང་རྒྱུད་པ་མིན་ན་རང་གཞན་གྱི་སྡེ་པ་གཞན་གང་དུ་ཡང་མི་འཐད་པའི་ཕྱིར་དང༌། དེ་བཞིན་དུ་ཤེས་རབ་སྒྲོན་མེར་དགོངས་འགྲེལ་ལས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་ཅིང་དེའི་དོན་གཏན་ལ་འབེབས་སྐབས། ཤེས་རབ་སྒྲོན་མེ་ལས། དེ་ལ་འདིར་གལ་ཏེ་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པའི་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན་ནི། དངོས་པོ་ལ་སྐུར་བ་འདེབས་པ་ཡིན་ཏེ། ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་ལ་སྐུར་བ་འདེབས་པའི་ཕྱིར་རོ། ཞེས་གསུངས་པས་གཞན་དབང་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཡོད་པ་བཞེད་པར་གསལ་ལོ།།

དྲི་བ་བཅོ་ལྔ་པ།

རྩ་ཤེས་ལས། བདག་ལས་མ་ཡིན་ཞེས་པའི་དོན་འཆད་སྐབས་ལེགས་ལྡན་གྱིས་དོན་དམ་གྱི་ཁྱད་པར་སྦྱོར་དགོས་པའི་ཐུགས་རྩེ་གཏོད་ས་མཐར་ཐུག་གང་ལགས་དང༌། ལེགས་ལྡན་རང་ལུགས་ལ་དེ་ལྟར་མ་སྦྱར་ན་སྐྱོན་གང་ཡོད།

དྲིས་ལན་བཅོ་ལྔ་པ།

སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱི་ཐུགས་རྩེ་གཏོད་ས་ནི། རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་ཞེས་སོགས་ཀྱི་རྐང་པ་དང་པོ་གཉིས་ཀྱིས་རྟགས་དང༌། དངོས་པོ་གང་དང་གང་ན་ཡང༌།།ཞེས་པས་རྩོད་གཞི་དང་དཔེ། སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་པས་སྒྲུབ་བྱའི་ཆོས་བསྟན་ཏེ། ཤོ་ལོ་ཀ་འདིས་འདུས་བྱས་རྣམས་དོན་དམ་པར་སྐྱེ་བ་མེད་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིག་ཡང་དག་བསྟན་པར་བཞེད་ལ། རྩ་བའི་དངོས་ཟིན་ལྟར་ན་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་གང་ལས་ཡང་སྐྱེ་བ་མེད་པས་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་སྒྲུབ་པ་ལྟ་བུར་གསུངས་ཤིང༌། དེ་ལྟར་ན། དངོས་པོ་རྣམས་རང་བཞིན་གྱིས་གཞན་ལས་སྐྱེ་བ་མེད་པར་འདོད་དགོས་ན་དེ་མི་རུང་སྟེ། ཡོད་ན་རང་ངོས་ནས་ཡོད་དགོས་པའི་ཕྱིར། འོ་ན་གཞུང་འདིས་ཅི་ཞིག་བསྟན་ཞེ་ན། དོན་དམ་པར་མཐའ་བཞི་པོ་གང་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས། དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིག་ཡང་དག་ཞིག་བསྟན་ལ། རྩ་བའི་རྟགས་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་ན། འདུས་བྱས་རྣམས་རང་བཞིན་གྱིས་གཞན་ལས་སྐྱེས་པས་ཕྱིར་ཕྱོགས་ཆོས་མི་འགྲུབ་ལ། རྩ་བའི་རྟགས་ཟུར་བཞི་ཡོད་པས། རྩ་བའི་རྟགས་ཀྱི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་བཞིས་དོན་དམ་པར་བདག་དང༌། གཞན་དང༌། གཉིས་ཀ་དང༌། རྒྱུ་མེད་ལས་སྐྱེ་བ་མེད་པ་བཞི་སྒྲུབ་དགོས་པའི་གནད་ཀྱིས་ཡིན་གྱི། བདག་སྐྱེ་དང༌། གཉིས་ཀ་ལས་སྐྱེ་བ་དང༌། རྒྱུ་མེད་ལས་སྐྱེ་བ་ཐ་སྙད་དུ་ཡོད་པར་བཞེད་ནས་དོན་དམ་གྱི་ཁྱད་པར་སྦྱར་བ་མ་ཡིན་ནོ། རྩ་བའི་རྟགས་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་ན། འདུས་བྱས་རྣམས་རང་མཚན་གྱིས་གཞན་ལས་སྐྱེ་བ་མེད་པར་འགྱུར་ལ། དེ་ལྟར་ན། རང་མཚན་གྱིས་གཞན་སྐྱེ་མེད་པར་མི་འདོད་པ་ནི་ལེགས་ལྡན་རང་ཉིད་ཀྱིས་རང་རྒྱུད་ཀྱི་གཏན་ཚིག་ཡོད་པ་དང༌། གཞན་སྐྱེ་ཡོད་པར་འདོད་པས་ཁས་ལེན་ཐམས་ཅད་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།

དྲི་བ་བཅུ་དྲུག་པ།

ཐལ་རང་གཉིས་ལ་ལྟ་བ་མཐོ་དམན་གྱི་ཁྱད་པར་མེད་ཟེར་མཁན་མང་མོད། འགའ་ཞིག་གིས་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པས་ལྟ་བ་མཐོ་དམན་ཡོད་གསུངས་འདུག་པས་རང་རྒྱུད་པས་རང་མཚན་གྱིས་གྲུབ་པ་ཁས་ལེན་ན་དེ་འཕགས་ཡུལ་མཁས་པའི་གཞུང་ལ་གཏུགས་ནས་ལུང་དང་རིགས་པའི་སྒྲུབ་བྱེད་བཅས་པར་འགོད་རོགས།

དྲིས་ལན་བཅུ་དྲུག་པ།

ཐལ་རང་གཉིས་ལ་ལྟ་བ་མཐོ་དམན་གྱི་ཁྱད་པར་ཡོད་དེ། ཐལ་རང་གཉིས་ལ་ལྟ་བ་མཐོ་དམན་གྱི་ཁྱད་པར་མེད་ན། སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པ། ཞི་བ་ལྷ་སོགས་ནང་ཕན་ཚུན་རྩོད་པ་མེད་པ་བཞིན་དུ། རྩ་ཤེའི་དགོངས་པ་འགྲེལ་ཚུལ་ལ་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད། ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པ་སོགས་རྩོད་པ་མེད་དགོས་པའི་ཕྱིར། དེ་དག་རྩོད་པ་མེད་པར་མ་གྲུབ་སྟེ། སངས་རྒྱས་བསྐྱངས་ལ་ལེགས་ལྡན་གྱི་ཤེར་སྒྲོན་ལས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིག་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབས་པར་བྱ་བ་དང༌། དེའི ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། ཞེས་དང༌། དེ་བཞིན་དུ་འཇུག་པ་རང་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པར་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམས་དུ་སེམས་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། ཞེས་པས། དེའི་ལུགས་ཞེས་པ་ཡང་ལེགས་ལྡན་གྱི་རྩོད་པ་བཀོད་པའི་ཕྱིར་རོ། ཡང་ཟླ་བས་ཚིག་གསལ་ལས། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གི་མཐོང་ངོ། ཇི་ལྟར་ཞེ་ན། ཞེས་སོགས་ཀྱིས་སྐྱོན་སྤངས་ནས། རང་བཞིན་གྱིས་གྲུབ་པའི་ཕྱོགས་གཞན་ཁས་བླངས་པ་མེད་པས་དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་པར་སྒྲུབ་ནས་རྩོད་ལན་རྒྱས་པར་མཛད་པའི་ཕྱིར། རང་རྒྱུད་པས་རང་མཚན་གྱིས་གྲུབ་པ་ཁས་ལེན་པའི་ཁུངས་འཕགས་ཡུལ་མཁས་པའི་གཞུང་མཐའ་ཡས་ཀྱང༌། མཚན་གཞི་ཙམ་འགོད་ན། ལེགས་ལྡན་རང་ཉིད་ཀྱི་ཤེར་སྒྲོན་དུ། དེ་འདིར་གལ་ཏེ་རྣམ་པར་རིག་པས། ཀུན་བཏགས་རང་མཚན་གྱིས་མེད་པར་སྨྲ་བའི་ཀུན་བཏགས་དེ་གཟུགས་སོ་ཞེས་ངོ་བོ་དང༌། གཟུགས་སྐྱེ་བ་འོ་ཞེས་ཁྱད་པར་དུ་ཀུན་ཏུ་འདོགས་བྱེད་ཀྱི་ངོ་བོ་ཉིད་གང་ཡིན་པ་ཡིད་ལ་བརྗོད་པ་དང༌། ཚིག་ཏུ་བརྗོད་པ་རང་མཚན་མེད་དོ་ཞེས་སྨྲ་ན། དེ་ནི་མི་རིགས་ཏེ། གཞན་དབང་ལ་སྐུར་བ་བཏབ་པར་གསུངས་པའི་ཕྱིར་དང༌། དེ་བཞིན་དུ་འཇུག་པ་རང་འགྲེལ་ལས། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ་བདེན་པ་གཅིག་ཁོ་ནར་འགྱུར། དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ་ཞེས་གསུངས་པས། ཕྱོགས་སྔ་དེ་ཤེས་བྱ་ལ་སྲིད་དམ་མི་སྲིད། མི་སྲིད་ན་ཟླ་བ་ཕྱོགས་སྔའི་དྭོགས་པ་བསུ་བ་དང་ཕྱོགས་སྔ་འགོག་པ་ལ་མི་མཁས་པར་འགྱུར་ལ། སྲིད་ན་ནི་གཞན་སྡེ་འོང་དོན་མེད་དེ། འདིའི་ཕྱོགས་སྔ་ནི་ཐེག་ཆེན་གྱི་རྗེས་སུ་འབྲངས་ནས་བདེན་གཉིས་ཀྱི་རྣམ་གཞག་བྱེད་ཅིང༌། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་འདོད་པའི་ཕྱིར། དེས་ན་རང་སྡེ་ལས་འོས་མེད་ལ།

ཆུང་གཉིས་ལ་ཤེས་རབ་ཀྱི་རྟོགས་རིགས་མི་འདྲ་བ་བཞེད་པའི་གནད་ཀྱིས་ཆོས་ཐམས་ཅད་རང་ངོས་ནས་སམ་གདགས་གཞིའི་ངོས་ནས་ཡོད་པ་བཞེད་པ་ཡིན་ཏེ། རང་ངོས་ནས་གྲུབ་པ་མི་འདོད་ན། གང་ཟག་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སྟོང་གཞིའི་ཆ་ནས་མ་གཏོགས་དགག་བྱའི་ངོས་ནས་ཁྱད་པར་མེད་དགོས་པའི་ཕྱིར་ཏེ། མདོ་ལས་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ཞེས་དང༌། མགོན་པོ་ཀླུས། ཡོད་པའི་རྣམ་པར་མི་གྲོལ་ཏེ་ཞེས་སོགས་དང༌། མཚན་མ་མེད་པར་མ་རྟོགས་པར། །ཞེས་སོགས་དང༌། འཕགས་པ་ལྷས། ཞི་སྒོ་གཉིས་པ་མེད་པར་གསུངས་པ་དང༌། ཞི་བ་ལྷས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་ཐར་པ་མེད་པ་གསུངསཔ་དང༌། ཟླ་བས། ཆོས་དང་གང་ཟག་ཕྱེ་བས་རྣམ་གཉིས་གསུངས། །ཞེས་སོགས་ལྟར་འདོད་དགོས་པའི་ཕྱིར༌། རང་རྒྱུད་པས་ཐེག་པ་ཆེ་ཆུང་གཉིས་ལ་ཤེས་རབ་ཀྱི་རྟོགས་རིགས་མི་འདྲ་བ་འདོད་དེ། ལེགས་ལྡན་འབྱེད་རྗེས་འབྲངས་དང་བཅས་པའི་མདོ་སྡེ་སྤྱོད་པའི་རང་རྒྱུད་པའི་འདོད་པ་གང་ཞིག །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཀྱང་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ཤེས་རབ་སྒྲོན་མེ་ལས། ཁུངས་དེ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གང་ཟག་གི་བདག་མེད་པའི་སྒྲ་དོན་བདེ་བླག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཆོས་ཀྱི་བདག་མེད་པ་ཉིད་བསྟན་པར་མི་ནུས་སོ། ཞེས་དང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་བདུན་པའི་འགྲེལ་བར། ཐེག་དམན་ཐུན་མོངས་མ་ཡིན་པའི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པ་བཤད་པ་ལ། ལེགས་ལྡན་གྱིས་ཐེག་ཆེན་བསྟན་པ་དོན་མེད་པར་ཐལ། ཐེག་དམན་ཐུན་མོངས་མ་ཡིན་པའི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར། ཞེས་པའི་རྩོད་པ་དེའི་ལན། ཟླ་བས་འཇུག་པ་རང་འགྲེལ་དུ། ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱབ་པ་རིགས་པ་གསུམ་གྱིས་སྒྲུབ་ཤིང༌། ཐེག་པ་ཆེ་ཆུང་གཉིས་ཆོས་ཀྱི་བདག་མེད་རྟོགས་པ་འདྲ་ན་ཡང་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་མ་རྟོགས་ཁྱད་པར་ཡོད་པ་གསུངས་ལ། དེའི་ཤེས་བྱེད་དུ་མགོན་པོ་ཀླུས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པའི་ཤེས་བྱེད་ཀྱི་ལུང་དང་བཅས་པར་གསུངས་སོ། གཉིས་པ་གྲུབ་སྟེ། རྗེ་བཙུན་བྱམས་པ་མགོན་པོས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་ཐེག་པ་གསུམ་ལ་རྟོགས་རིག་མི་འདྲ་བ་གསུམ་གསུངས་པ་འཕགས་སེང་རྗེས་འབྲང་དང་བཅས་པས་སྒྲ་ཇི་བཞིན་དུ་འདོད་བའི་ཕྱིར།

དྲི་བ་བཅུ་བདུན་པ།

རྗེ་རིན་པོ་ཆེས། ཞིག་པ་དངོས་པོར་བཞེད་པ་དེ་ལ་སྒྲུབ་བྱེད་ཅུ་ཟད་ཀྱང་མེད་པ་འདོད་མཁན་འདུག་པས་འདི་ཉིད་འཕགས་ཡུལ་བའི་གཞུང་ལ་གཏུགས་ནས་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱས་པར་འགོད་རོགས།

དྲིས་ལན་བཅུ་བདུན་པ།

རྩ་ཤེས་རབ་བྱེད་ཉཻར་ལྔ་པ་ལས། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང༌། དེའི་འགྲེལ་བ་སངས་རྒྱས་བསྐྱངས་ལས། མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་ཡིན་པ་མི་འཐད་དོ། ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་ཡིན་ལ། དངོས་པོ་དང་དངོས་པོ་མེད་པ་གཉིས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། ཞེས་པས། དངོས་པོ་འདུས་བྱེད་ལས་ལྟ་བུ་དང༌། དངོས་མེད་དེ་འགགས་པའམ་ཞིག་པ་ལྟ་བུ་ནི། གང་ཞིག་རྒྱུའི་དངོས་པོ་དེ་མེད་པ་སྟེ་ཞིག་པ་དེ་དངོས་པོ་ཡིན་ཞེས་པའི་དོན་མ་ཡིན་ན། དངོས་མེད་འདུས་བྱས་ཡིན་ཞེས་པའི་དངོས་མེད་ངོས་འཛིན་དཀའ་བའི་ཕྱིར་དང༌། ཚིག་གསལ་ལས་ཀྱང༌། གཞན་ཡང༌། ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །དངོས་པོ་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་འདུས་བྱས་ཡིན་ལ། དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་པྱིར་འདུས་བྱས་ཡིན་ནོ། ཞེས་དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་འདུས་བྱས་ཡིན་པར་སྒྲུབ་པ་ནི། དངོས་མེད་སྤྱི་ཙམ་ལ་བྱེད་ན་མི་འཐད་པས། གང་ཞིག་རྒྱུའི་དངོས་པོ་མེད་པ་སྟེ་མྱུ་གུ་ཞིག་པ་ལྟ་བུ་ལ་བྱེད་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། དེའི་ཤེས་བྱེད་དུ་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་འབྱུང་བའི་ཕྱིར་འདུས་བྱས་ཡིན་ཞེས་བསྒྲུབས་སོ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སྐྱེ་བའི་ཞིག་པ་ཡང་སྐྱེ་བའི་རྐྱེན་ལས་སྐྱེས་པར་གསུངས་པའི་ཕྱིར་རོ། དེ་བཞིན་དུ་འཇུག་པ་ལས་ཀྱང༌། ལ་ལར་ལས་འགགས་ཡུན་རིང་ལོང་ལས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིགས་པར་པར་གྱིས། །ཞེས་པས་ལས་འགགས་ནས་ཡུན་རིང་ལོང་ཀྱང་ཚོགས་ཤིང་དུས་ལ་བབ་ན་སྔར་གྱི་ལས་འགགས་པའམ་ཞིག་པའི་རྒྱུན་དེས་འབྲས་བུ་སྐྱེ་བར་གསུངས་པའི་ཕྱིར། ལས་འབྲས་ཀྱི་རྟེན་ཀུན་གཞི་དང༌། རང་མཚན་གྱི་རྣམ་ཤེས་དང༌། བྱེ་སྨྲ་ཁ་ཅིག་བུན་ལོང་ཀྱི་དཔང་རྒྱ་ལྟ་བུའི་རྫས་དང༌། ལ་ལས་ཐོབ་པ་སོགས་ལས་འབྲས་ཆུད་ཟོས་སུ་མི་འགྲོ་བར་མཚམས་སྦྱོར་བྱེད་དུ་འདོད་པ་ལྟར་མི་བཞེད་ཀྱང་ལས་འབྲས་མེད་པར་ཐལ་བའི་སྐྱོན་མེད་པ་བསྒྲུབས་སོ། ས་བཅུ་པའི་མདོ་ལས། སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་ཞེས་པས་གང་ཤི་རྒྱུའི་གང་ཟག་དེའི་སྲོག་དབང་འགག་པའི་ཆ་ལ་ཤི་བ་ཞེས་བཏགས་ཤིང༌། ཤི་བ་རྒྱུས་སྐྱེས་ལ་ཞིག་པ་རྒྱུས་མ་སྐྱེས་ཞེས་པ་འགལ་བའི་ཕྱིར་རོ། འགའ་ཞིག་གིས། གང་ཟག་གང་ཞིག་ཤི་བའི་གནས་སྐབས་ན་གང་ཤི་རྒྱུའི་གང་ཟག་གི་རྒྱུན་ཕྱི་མའི་གང་ཟག་ཡོད་པས། ཞིག་པ་ཞེས་པ་དེ་སྔར་ཡོད་ཀྱི་དངོས་པོ་ལོག་ཞིང༌། ཤི་རྒྱུའི་གང་ཟག་དེ་ལས་གཞན་བུམ་པ་ལ་སོགས་པའི་དངོས་པོ་གཞན་ཡང་མ་ཐོབ་པས་ཞིག་པ་དངོས་པོ་གཏན་མ་ཡིན་པར་དངོས་སྨྲ་བས་འདོད་ཞེས་སོགས་གསུངས་པ་ལ།དེ་མི་འཐད་དེ། མྱུ་གུའི་ཆ་ཤས་ལོག་ནས་སྡོང་བུ་སྐྱེས་པ་དེ་ཡང་དངོས་པོ་གཏན་མ་ཡིན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་གསུངས་

པ་ནི་ཞིག་པ་དངོས་པོ་ཡིན་ན། དེ་བཏགས་དོན་བཙལ་ན་རྙེད་དགོས་པ་ཕུགས་སུ་འཚངས་པའི་བསམ་ཚུལ་ལས།་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་མཆོག་དྲི་མ་མེད་པ་བཏགས་ཡོད་མི་རྐྱང་ཙམ་གྱི་དངོས་པོ་འཇོག་ཤེས་པའི་མཁས་པ་རྣམས་ལ་ཞིག་པ་དངོས་པོ་ཡིན་པ་རྣམ་པ་ཐམས་ཅད་དུ་འཐད་པ་ཡིན་ནོ། ཁྱོད་ལྟར་ན་ཤི་བ་དེ་ཡང་གང་ཟག་ཡིན་པ་ཐལ།་གང་ཤི་རྒྱུའི་གང་ཟག་དེ་ཤི་བའི་གནས་སྐབས་ན། ཤི་རྒྱུའི་གང་ཟག་གི་རྒྱུན་ཕྱི་མའི་གང་ཟག་ཡོད་པ་གང་ཞིག །ཤི་བ་འདུས་བྱས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན་ཤི་བའི་གང་ཟག་ཡོད་པར་ཐལ།་འདོད་ན་སྲོག་དབང་འགག་པ་དང་མ་འགག་པའི་གཞི་མཐུན་དང༌།་ཤི་བ་དང་མ་ཤི་བའི་གཞི་མཐུན་སོགས་ཡོད་པར་ཁས་ལོང་ཤིག །གང་ཟག་ཡིན་ན་སྲོག་དབང་ལྡན་པའི་ངེས་པ་མེད་སྙམ་ན། སྲོག་ཡིད་བཏང་སྙོམས་གསུམ་ངེས་ལྡན་དབང་པོ་ཡིན་པར་གསུངས་པའི་མདོ་བསྟན་བཅོས་དུ་མ་དང་འགལ་བ་འགྱུར་རོ། ཡང་ཁ་ཅིག །ཞིག་པ་དངོས་པོར་འདོད་པ་ལ། དངོས་པོ་ཡིན་ན་ཞིག་པ་ཡིན་དགོས་པར་ཐལ། དངོས་པོ་ཡིན་ན་རང་གི་སྐད་ཅིག་སྔ་མ་དེ་ཞིག་པའི་ཞིག་པ་ཡིན་པས་ཁྱབ་པར་འགྱུར་ཏེ་དགོད་བྲོ་བའི་ཕྱིར་རོ།་གསུངས་པ་ནི། དེ་བས་ཀྱང་དགོད་བྲོ་སྟེ། གང་ཟག་ཡིན་ན་ཤི་བ་ཡིན་དདགོས་པ་ཐལ། ཤི་བ་དངོས་པོ་ཡིན་པ་གང་ཞིག །སེམས་ཅན་ཡིན་ན་རང་གི་སྐྱེ་བ་སྔ་མའི་གང་ཟག་ཤི་བའི་ཤི་བ་ཡིན་པར་འགྱུར་ཏེ། རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། རང་ལུགས་ནི། ཤི་བ་དང་ཞིག་པ་དངོས་པོར་འཇོག་པ་ནི། ཤི་བྱེད་དང། ཞིག་བྱེད་ཀྱི་རྒྱུས་སྐྱེས་པས་དངོས་པོའམ་འདུས་བྱས་ཡིན་གྱི། བཏགས་དོན་བཙལ་ནས་ཤི་རྒྱུ་དང་ཞིག་རྒྱུའི་རྫས་རྒྱུན་ཕྱི་མ་ཞིག་དངོས་པོ་ཡིན་ཞེས་པ་མ་ཡིན་གྱི། མ་བརྟགས་མ་དཔྱད་པར་མི་རྐྱང་བཏགས་ཡོད་ཙམ་གྱི་ཤི་བ་དང་ཞིག་པ་དངོས་པོ་འཇོག་པ་ཡིན་པའི་ཕྱིར། ཤི་བ་དང་ཞིག་པ་ལ་མཐའ་ཅིག་ཏུ་གཟུགས་ཤེས་གང་ཡང་མ་ཡིན་པས་ལྡན་མིན་འདུས་བྱས་ཀྱི་ཁྱབ་པ་ཡིན་ནཽ། ཡང་སྐད་ཅིག་གཉིས་པར་མི་སྡོད་པ་དང༌། སྐད་ཅིག་གཉིས་པར་མ་བསྡད་པ་རྣམས་ལ་དེ་གཉིས་མཚུངས་ན་ཧ་ཅང་ཐལ་ཏེ། དུས་མི་མཚུངས་པའི་ཕྱིར་བསམ་ཚུལ་འདི་ཡང༌། ཕྱོགས་སྔའི་ནམ་མ་ལང་གོང་ནས་དགག་པའི་ཉི་མ་ཤར་ཞེས་པའི་དཔེ་དངོས་ཏེ། ཕྱོགས་སྔས་ནི་དེ་གཉིས་རྒྱུས་སྐྱེས་མ་སྐྱེད་དང་འདུས་བྱས་ཡིན་མིན་མཚུངས་ཞེས་པ་ཡིན་གྱི། དུས་མཚུངས་པར་འདོད་པ་གཏན་མ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། སྐད་ཅིག་གཉིས་པར་མ་བསྡད་པ་རྒྱུས་སྐྱེས་པ་བཞིན་དུ། གསུམ་པ་དང་བཞི་པ་མ་བསྡད་པ་རྒྱུས་སྐྱེས་ཀྱང་ཧ་ཅང་ཐལ་བ་གང་ཡང་མེད་དེ། ཇི་སྲིད་རྫས་རྒྱུ་མ་ཆད་བར་དུ་རྫས་རྒྱུན་ཕྱི་མ་ཕྱི་མ་སྔ་མ་སྔ་མས་སྐྱེ་བར་ཁས་བླངས་པ་ལ་འགལ་བ་མེད་པ་བཞིན་ནོ། མྱུ་གུ་ལས་དེའི་ཞིག་པ་དང༌། མྱུ་གུའི་ཞིག་པ་ལས་དེའི་ཞིག་པ་སོགས་ཇི་སྲིད་ཞིག་པའི་རྫས་རྒྱུན་མ་རྫོགས་བར་དུ་ཞིག་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བ་མཚུངས་པ་ཡིན་ནོ། ཞིག་པ་འདུས་བྱས་སུ་སྒྲུབ་པའི་ལུང་ནི། ས་བཅུ་པའི་མདོ། རིག་པ་དྲུག་བཅུ་པ་རྩ་འགྲེལ། རྩ་བ་ཤེས་རབ། དེའི་འགྲེལ་བ་སངས་རྒྱས་བསྐྱངས་དང་ཚིག་གསལ། འཇུག་པ་རྩ་འགྲེལ་སོགས་མདོ་དང་བསྟན་བཅོས་ཤི་ཏུ་མང་ངོ།

འདི་ཡན་གྱི་ཟབ་དོན་དབུ་མའི་ལུགས་ཀྱི་གཞི་ཡི་ལྟ་བ་གཏན་ལ་འབེབས་ཚུལ་སོགས་ཀྱི་དཀའ་གནད་ལས་བརྩམ་པའི་དྲིས་ལན་འདིས་མཁས་པ་ཆེན་པོ་ཐུགས་ཚིམ་པའི་མཆོད་པར་ཡོང་རེ་ཆེ། གལ་ཏེ་དེ་ལྟར་མ་བྱུང་ཡང་རྗེ་ཡི་གསུང་རྣམས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲེགས་བཅད་བརྡར་གསུམ་གྱི་དྲི་མ་མེད་པའི་རིགས་པས་གཏན་ལ་ཕབ་པ་འདི་ལ་འཐད་པའི་སྒྲུབ་བྱེད་ཀྱི་རིགས་པ། ཡང་དག་པའི་ལུང་གིས་རྒྱབ་རྟེན། ཡིད་ཆེས་པའི་ཤེས་བྱེད་ཀྱི་དཔེ་སོགས་ཀྱི་ལམ་ནས་གཏན་ལ་ཕབ་པ་ལས་བྱུང་རྒྱལ་དུ་སྨྲས་པ་མ་ཡིན་ནོ་ཞེས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བཀོད་པ་ཡིན་ནོ། །

དྲི་བ་ཕྱི་མ་རྣམས་ཀྱི་ལན་ནི་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་དྲ་མཛོད་ཅེས་པའི་ནང་དུ་རིམ་པ་བཞིན་འགོད་རྒྱུ་ཡིན་པས་དེའི་སྐོར་གཟིགས་འདོད་ཡོད་རིགས་རྣམས་ཀྱིས་དགྱེས་གཟིགས་ཡོད་པ་ཞུ། མཇུག་གི་དོན་ནི།

རྗེ་བླ་མས།

ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར།   །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌།།

བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།  །ཡིད་ཆེས་རྙེད་པའི་རྟག་ཏུ་གང་བར་ཤོག། །

རྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །

ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །

འདྲེན་པ་མཆོས་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །

ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །

ཅེས་ཐུགས་སྨོན་མཛད་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག །

སེར་བྱེས་ལྷ་རམས་ནགས་ཤོད་བ་འབྲི་རུ་ངག་དབང་ཐོགས་མེད་དུ་འབོད་པས།

རྩོམ་ཡིག་འདི་ཐེངས་ 2238 བཀླགས་འདུག

Related Articles