སྐྱ་རེངས།
སྙིང་ཉེ་བའི་བོད་པ་ཚང་ད་དུང་རྗེས་ལུས་དང་རྨོངས་དད་འཇོག་མི་ནུས་པའི་ལྷ་གསོལ་དང་ཀླུ་གསོལ་ལྷ་འབོད་དང་ཀླུ་འབོད་བྱས་ནས་མི་ཚེ་སྐྱེལ་མཁན་གླེན་པ་ཁྱུ་ཚོ་དང་།
དེ་བཞིན་རྣམ་དཔྱོད་བེད་སྤྱོད་འདྲ་མིན་གཏོང་མཁན་མཁས་པ་ཡིན་ཟེར་མཁན་ཁ་ཙམ་ལས་དོན་ངོ་མའི་ཐོག་ཕྱོགས་རིས་འཐེན་འཁྱེར་ཁོ་ན་ལས་མ་འདས་པ་ཚོ་དང་། དེའི་རྗེས་སུ་འགྲོ་མཁན་གསར་སྐྱེས་མི་བུ་འགའ་ཞིག་ཡང་གང་ལ་འང་བསམ་གཞིག་མི་བྱེད་པ་དང་མཐའ་ན་སྐད་ཆའི་གོ་དོན་ཕྱེད་ཙམ་ཡང་མི་ལེན་པས་ཅི་འདྲའི་ཀླད་མེད་ཅོལ་ཆུང་ཞིག་རེད། ནམ་ལངས་ནི་ས་མ་རུབ་བར་དུ་ཁ་ནི་བཤད་རྒྱུ་བོད་མི་རིགས་ཀྱི་ལ་རྒྱ་དགོས་རབ་དང་། གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་བྱེད་དགོས་རབ། ད་དུང་ལྷག་བསམ་རྣམ་དག་གཡོ་ཟོལ་མེད་པ་དྲང་པོ་ཡིན་མདོག །མི་རིགས་ལ་ཤ་ཚ་དང་དུང་བ་བརྩེ་སེམས་བཤད་མཁན་མང་ན་ཡང་། དོན་དངོས་ཀྱི་ལག་ལེན་བསྟར་རྒྱུ་ནི་རྩ་སའི་རྩོད་གླེང་སྤུན་ཟླ་ནང་འཁྲུག་གི་འཐབ་རྩོད་དངཆོས་སྲིད་གཉིས་བར་གྱི་འགལ་ཟླའི་རང་བཞིན་ངའི་བླ་མ་ཁོའི་བླ་མ་ངའི་དགོན་པ་ཁོའི་དགོན་པ་བཅས་ཕན་ཚུན་འགལ་འདུ་ཁོ་ན་ལས་མ་མཆིས། ད་དུང་མི་ཁག་ཅིག་གིས་བག་ཁང་འཛུགས་མཁན་བྱེད་པ་དང་ཁག་ཅིག་གིས་ཤོ་བག་རྩེ་མཁན་བྱེད།