དཀོན་མཆོག་དགའ་བ།

དཀོན་མཆོག་དགའ་བ།

ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན།  དཀོན་མཆོག་དགའ་བ་ནི་འབྲི་རུ་རྫོང་དུ་སྐྱེས། ཆུང་དུས་ཕ་མའི་མདུན་ནས་ཀ་ཁའི་འབྲི་ཀློག་སྦྱངས་ཤིང་། བོད་ཀྱི་གསོ་བ་རིག་པ་སོགས་ལ་སློབ་སྦྱོང་བྱས།  ཕྱི་ལོ་ ༢༠༠༨ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ཞིང་།  

ལོ་དྲུག་ཙམ་རིང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་སོགས་སུ་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་མདུན་ནས་བོད་ཀྱི་བརྡ་སྤྲོད་དང་ནང་ཆོས་སོགས་ལ་སློབ་སྦྱོང་བྱས།  ཕྱི་ལོ་ ༢༠༡༤ ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་འཛུལ་ཞུགས་བྱས་ནས་ཕྱི་ལོ་ ༢༠༡༨ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། དེ་ནས་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཀར་ཚུད་ཅིང་ཞོར་དུ་ལས་བྱེད་གསར་འདེམས་སོགས་ལ་ཟབ་སྦྱོང་སྤྲོད་པའི་གོ་སྐབས་ཐོབ་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས།

Related Articles