གཟིམ་འཇགས་གནང་།

ནགས་ཀྱི་ཤིང་ལོ་ནས།

ཕྱི་རུ་ཆར་པ་ཟིམ་ཟིམ་ཟིམ།།
ལོ་མ་ལྗང་ཁུ་ཆར་གྱིས་བཀྲུས།།
ནང་ན་ཚོར་བ་སྙི་མོ་ཞིག །
རྣམ་ཤེས་དམར་པོ་དྲན་པས་བཟི།།

ཕྱི་རུ་རླུང་བུ་འུར་འུར་འུར།།
ལྗོན་ཤིང་ཡལ་ག་རླུང་གིས་བསྒུལ།།
ནང་ན་ཐབ་ཀྱི་རླངས་པ་ཐུལ།།
ཇ་ཐང་སྨུག་ནག་བྲོ་བ་ཞིམ།།

ཕྱི་རུ་བྱིའུ་སྐད་འགྱར་འགྱུར་འགྱུར།།
དགོང་མོའི་ཁུ་སིམ་ཧད་ཀྱིས་དཀྲོགས།།
ནང་ན་རྣམ་རྟོག་རི་མོ་འགའ།།
གཟུགས་མེད་རླུང་བུས་རྒྱང་དུ་སྤུར།།

ཕྱི་རུ་ཁྱི་ཚོགས་འབ་བཞིན་འབ།།
མཚན་མོ་འགྲུལ་པའི་ཉྭ་ཁུག་འདར།།
ནང་ན་ཚེ་སྲོག་ཁེར་རྐྱང་ཞིག །
གཉིད་ལམ་ཁྲ་ཁྲའི་གྲོང་དུ་ཆས།།

༢༠༡༧—༧—༡༡

Related Articles