འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ།

དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས།   འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་མ་བཅོས་པ་བཅོས་བྱེད་ཀྱི་བདེན་ཚིག་ཚངས་པའི་ཐིག་ཤིང༌། མ་རིག་བློ་ཡི་རྩ་བ་ཅན་གྱི་ཉོན་མོངས་སྐྱོན་དང་ཉེས་ཚོགས་ཀུན།  །ཞི་བའི་སྒོ་ནི་གཉིས་པ་མེད་པས་གཏི་མུག་བདེན་འཛིན་ཞེན་པའི་ཡུལ།  །

གཏན་ནས་མེད་པ་མངོན་སུམ་མཐོང་བའི་བར་ཆད་མེད་པའི་ལམ་བཟང་ནས།  །

གསར་བྱུང་མི་འཇིག་འགོག་པའི་བདེན་ཞེས་དམ་པའི་ཆོས་མཆོག་དེ་ལ་འདུད།  །མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ཁྱེད་ནི་ཉ་གང་ཟླ་བ་སྟེ།  །མཁས་པའི་དབང་པོའི་དཔལ་གྱི་མགུལ་ལས་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ།  །མ་བཅོས་སེམས་ཀྱི་རང་མདངས་ཤར་ཚེ་བདག་ཡིད་དང་བའི་འདབ་བརྒྱ་གྲོལ།།

 འོན་ཀྱང་རྨོངས་བློའི་དྭོགས་འཆར་བརྗོད་ལ་མཁས་པ་ཆེན་པོས་གནང་བ་སྩོལ།།ཞེས་སྐྱབས་ཡུལ་ལ་མཆོད་པར་བརྗོད་པ་དང༌།སྐབས་བབ་ཀྱི་ལས་ལ་འཇུག་པའི་གནང་བ་ཞུ་བའི་ཤིས་ཚིག་རྣམས་སྔོན་དུ་བཏང་སྟེ།བྱ་བ་དངོས་ལ་འཇུག་པའི་དུས་འགོ་འཛུགས་རྒྱུ་ནི་སྐབས་སྟོབས་ཀྱི་དངོས་གཞིའི་ལས་སོ།།དེ་ཡང་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མཁྱེན་དཔྱོད་ཀྱིས་ཕ་མཐར་བརྒལ་བ་མཁས་པའི་དབང་པོ་རྒན་ཟླ་བ་ཚེ་རིང་མཆོག་གིས་མཛད་པའི་ལྟ་བའི་རྣམ་བཤད་དགོངས་དཔྱོད་རྒྱ་མཚོའི་གཉེར་མ་ཐེངས་འགའ་བལྟ་ཀློག་བྱེད་པའི་གོ་སྐབས་བྱུང་བ་ནི་མ་སྒྲིག་ལྷུན་འགྲུབ་ཀྱི་རྟེན་འབྲེལ་བཟང་པོ་ཞིག་འགྲིགས་པ་ཡིན་པས་ཨེ་མ་ཧོ་སྐལ་བ་བཟང་སྙམ་གྱི་ཡོད།འོན་ཀྱང་མཁས་པ་ཆེན་པོའི་གསུང་གི་དགོངས་དོན་ཇི་མ་ཇི་བཞིན་བླུན་པོ་བདག་ལྟ་བུས་གཏིང་མཐའ་དཔོག་པའི་གནས་མ་ཡིན་ཀྱང་རང་གི་བློ་ནུས་ལ་དཔག་པའི་བློ་སྐྱེད་མི་ཉུང་བ་ཞིག་བྱུང་བ་ནི་ཁྱེད་ཀྱི་གསུང་དང་མཇལ་བའི་བཀའ་དྲིན་ཉག་ཅིག་ལོས་ཡིན༌།དེ་བཞིན་བདག་དང་འདྲ་བའི་སྐལ་མཉམ་གྱི་སློབ་གཉེར་བ་གསར་བུ་མང་པོ་ཞིག་ལ་ཕན་ཐོགས་མི་དམན་པ་བྱུང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།དེས་ན་ཕྲན་ནི་འོ་ཅག་ཚོའི་མ་བསྐོས་དྭང་བླངས་ཀྱི་སྤྱི་མཐུན་དུ་ལངས་ཏེ་ཁྱེད་ལ་བསྔགས་བརྗོད་ཀྱི་མཐེ་བོང་གྱེན་དུ་བསྒྲེངས་ཏེ།ཐུགས་རྗེ་ཆེ་ཞེས་ཁ་དྲོ་བའི་ཤིས་ཚིག་བཟང་པོ་འདི་རབ་དཀར་ལྷ་རེག་དཀར་པོ་ཞིག་གི་ཚུལ་དུ་ཁྱེད་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།འོན་ཀྱང་མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པའི་གནའ་བོའི་ཁ་དཔེ་དེ་ཅི་འདྲའི་བདེན་པ་ཞིག་མ་རེད་དམ།རེད་ཡ།མཁས་པ་ལ་མཁས་པའི་རྣམ་དཔྱོད་དང༌།བླུན་པོ་ལ་བླུན་པོའི་རྨོངས་འཆར་མཁས་བླུན་བར་ཀྱི་བསམ་ཚུལ་མ་མཐུན་པ་གྲངས་མང་ཞིག་ཡོང་བ་ནི་རྟེན་འབྱུང་ཆོས་ཉིད་རིགས་པའི་འགྲོས་དང་མཐུན་པ་ཞིག་ཡིན་པས་དེ་ལ་ཡ་མཚན་ཆེ་རྒྱུ་ཅི་ཞིག་ཡོད།ཁོ་བོའི་རྨོངས་བློའི་དྭོགས་འཆར་ཡོད་ཚད་ཡིག་ཐོག་ཏུ་འགོད་པ་མི་ལང་ཡང་ཁྱེད་ཀྱིས་མཛད་པའི་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་མ་བཅོས་སེམས་ཀྱི་རང་མདངས་ཞེས་པ་འདི་ཉིད་དཔྱད་གཞིར་བྱས་ནས་རང་ཉིད་ལུང་རིགས་ལ་གོམས་པ་འཕེལ་ཕྱིར་དང༌།རྩོམ་རིགས་ལ་ཉམས་མྱོང་ཏོག་ཙམ་འཐོབ་རེ་ཡིད་ལ་བཅངས་ཏེ་མུ་མཐའ་མེད་པའི་རྣམ་རྟོག་གི་འཆར་སྒོ་ལས་བྱུང་བའྀ་དྭོགས་གཞི་འགའ་ཞིག་ཡི་གེ་འབྲི་བའི་ལས་སུ་འཇུག་པ་ཙམ་ལས་མཁས་པ་ཆེན་པོའི་གསུང་ལ་དགག་སྒྲུབ་བྱེད་པའི་ནུས་པ་ཅི་ཡང་མི་ལྡན་པས་དགག་པ་བྱེད་པ་ནི་རྩ་བ་ནས་མིན་ནོ།དེས་ན་ཁྱེད་ཀྱིས་འགོག་བདེན་ལ་སྟཽང་ཉིད་ཀྱིས་ཁྱབ་པ་དེ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ཚད་དང་ལྡན་པའི་རྡོ་རྗེའི་བཀའ་ལུང་རྣམས་ཁྱེད་ཀྱི་དགོངས་པའི་ཕྱོགས་སུ་

བཀྲལ་བའི་གཏམ་ཟབ་མོ་སྟོང་པ་ཉིད་དམ་ཡང་ན་བདེན་སྟོང་ལྟ་བུ་ཞིག་དངོས་གནས་རེད་འདུག་པས་བརྗོད་བྱ་དང་རྗོད་བྱེད་མཚུངས་པའི་བསྟན་བཅོས་རྣམ་དག་ཞིག་རེད་ཅེས་བསྔགས་པར་བརྗོད་པའི་གནས་སོ།
དེ་ཡང་གཏམ་སེམས་ཀྱི་སྟོང་པ་ཉིད་ལས།ཐལ་འགྱུར་བའི་ལུགས་ལ་འགོག་བདེན་དོན་དམ་བདེན་པ་ཡིན་ཡང་ཆོས་ཉིད་མིན་ཞེས་རླུང་ལྟར་གྲགས་མོད་ཅེས་གསུངས་འདུག་ཀྱང་རླུང་ལྟར་གྲགས་པ་འདི་ཡི་གྲགས་ཚུལ་ལ་ཞིབ་ཏུ་བལྟས་ན་རིན་ཐང་མེད་པ་ཞིག་གཏན་ནས་མིན་པས་འདི་ཡི་རིན་གོང་གང་ཞིག་ཡིན་མིན་དངོས་པོའི་གནས་ཚོད་དང་མཐུན་པ་ཞིག་ཁོ་བོས་འོག་ཏུ་གཏན་འབེབས་བྱ་རྒྱུ་ཡིན་པས།སུ་ཞིག་གིས་ཉོ་མིན་ནི་དྲི་མ་མེད་པའི་རིགས་པའི་སྒོར་མོ་ཡོད་མེད་ཁོ་ན་ལ་རགས་ལས་པ་ཡིན།དེ་ཡང་ཁྱེད་ཀྱིས་དཔྱད་གཞི་དང་པོར་བཟུང་བའི་རྩ་ཤེས་རྣམ་བཤད་ཀྱི་ལུང་དེར་སླར་ཡང་ཁོ་བོས་འདི་ལྟར་དཔྱད་པར་བྱ་སྟེ།
དེ་ཡང་རྩ་ཤེས་ཊིཀ་ཆེན་ལས།འདིར་ཉོན་མོངས་ཀྱི་ས་བོན་ཟད་པ་དང༌།ཉེར་ལེན་གྱི་ཕུང་པོའི་སྣང་བ་ནུབ་པའི་སེམས་ཀྱི་ཆོས་ཉིད་མྱང་འདས་སུ་བྱ་ཡི།ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་ཆད་པ་ལས་ཕྱི་མའི་རིགས་འདྲ་མ་སྐྱེས་པ་ནི་མྱང་འདས་སུ་མི་བྱ་སྟེ།དེ་རྒྱུན་སྔ་མ་ཟད་པས་བསྐྱེད་པའི་མ་འོངས་པར་བཤད་ཟིན་པའི་ཕྱིར།ཞེས་པའི་ལུང་འདི་ལ་བརྟེན་ནས་འགོག་བདེན་ལ་ཆོས་ཉིད་ཡིན་དགོས་ཏེ།དེ་ལྟར་མིན་ན་འགོག་བདེན་ནི་གོང་དུ་དྲངས་པ་ལྟར་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་ཆད་པ་ལས་ཕྱི་མའི་རིགས་འདྲ་མི་སྐྱེ་བ་དེ་བཞག་དགོས་པ་ལས་འོས་མེད་པ་གང་ཞིགདེ་ནི་འདུས་བྱས་སུ་གསུངས་པའི་ཕྱིར་སྙམ་འདུག།དེ་ནི་དངོས་གཉེན་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་བཅད་པའམ་བཀག་པ་ལས་ཕྱི་མའི་རིགས་འདྲ་དང་བཅས་པ་སྐྱེ་བའི་གོ་སྐབས་གཏན་དུ་འགག་པ་དང༌།གནས་སྐབས་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་མ་ཚང་བའམ་ཆད་པ་ཙམ་ལས་ཕྱི་མའི་རིགས་འདྲ་མ་སྐྱེས་པ་གཉིས་ལ་ཁྱད་པར་ཇི་ཙམ་ཡོད་མེད་མ་ཤེས་པའི་སྐྱོན་དུ་གསལ་ཏེ།འདི་གཉིས་མཚུངས་པའི་གོ་སྐབས་གཏན་ནས་ཡོད་པ་མ་ཡིན་ཏེ།སྔ་མ་ནི་ཆགས་སོགས་ཉོན་མོངས་ཀྱི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་འབྱུང་དགོས་པ་དང༌།ཕྱི་མ་འབྱུང་བའི་ཁུངས་བཙལ་བ་ན་ཆགས་སོགས་ཉོན་མོངས་ལ་ཐུག་འགྲོ་བ་ཡིན་པ་དེའི་ཕྱིར།དཔེར་ན་ཆུ་ཆད་པ་ནི་ཆུ་བྲི་བའམ་ཉུང་དུ་ཕྱིན་པ་སོགས་གཙོ་བོ་ཆུ་ཉིད་ལ་རགས་

ལས་པ་དང༌།ཆུ་བཅད་པ་ནི་ཆུ་ཉིད་འཕེལ་འགྲིབ་ལ་མ་ལྟོས་པར་གཙོ་བོར་བྱེད་པ་པོ་གཞན་ཞིག་གིས་བྱེད་ལས་ལ་ལྟོས་པ་བཞིན་ནོ།ཡང་བུམ་པ་ཞིག་པ་བུམ་པ་བཅོམ་བྱེད་ཀྱི་ཐོ་བ་དང་བུམ་པ་གཉིས་ཀ་ལ་མི་ལྟོས་པར་ཐལ་ལོ་ཞེ་ན།ཐོ་བས་བུམ་པ་བཅོམ་ཚུལ་དང་དངོས་གཉེན་བར་ཆད་མེད་ལམ་གྱིས་སྤང་བྱ་བཅོམ་ཚུལ་གཏན་ནས་མི་འདྲ་སྟེ།སྔ་མ་ནི་རང་གི་བཅོམ་བྱའི་རྒྱུན་དང་བཅས་པ་བཅོམ་མི་ཐུབ་པ་གང་ཞིག།ཕྱི་མ་ནི་དེ་ལས་ལྡོག་སྟེ་ཡིན་པའི་ཁྱད་པར་ཤེས་ན་རྣམ་རྟོག་གི་སྒོ་མང་པོ་ཞིག་འགག་ནས་དཀའ་བའི་གནད་འགའ་ཞིག་ལ་དོན་དངོས་དང་མཐུན་པའི་འགྲེལ་བཤད་བབྱ་ཐུབ་པར་འགྱུར་རོ།ཡང་འགོག་བདེན་སྟོང་ཉིད་དུ་སྒྲུབ་པའི་གཏམ་སྟོང་པ་ཉིད་ལས།གཞན་ཡང་འགོག་བདེན་ཆོས་ཉིད་ཡིན་པར་ཐལ།སྟོང་ཉིད་རྟོགས་པའི་སློབ་པའི་ཟག་མེད་ཡེ་ཤེས་ཀྱི་ཡུལ་ལ་སྟོང་ཉིད་ཡིན་དགོས་པའི་ཕྱིར་ཞེས།རྩ་ཤེས་རྣམ་བཤད་ཀྱི་ལུང་དྲངས་པ་དེ་ཡང་ཁྱེད་ཉིད་ཀྱི་དགོངས་པ་ལས་གཞན་དུ་སྨྲ་བ་རིགས་མི་རིགས་ལ་དཔྱད་རྒྱུ་ཡོད་དེ།ལུང་དེ་ནི་རྟེན་འབྱུང་འགག་སོགས་བརྒྱད་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་མེད་པར་གསུངས་པའི་དོན་མ་རྟོགས་པའི་ཁ་ཅིག་གིས་རྩོད་པ་དབུ་མ་ཚིག་གསལ་གྱི་ལུང་དྲངས་ཏེ་དགག་པར་བྱེད་པའི་གཞུང་ཡིན་པས་ཚིག་གསལ་གྱི་ལུང་གི་དོན་དེ་ལས་གཞན་དུ་སྨྲ་བ་ནམ་ཡང་མི་རིགས་སོ་སྙམ།དེས་ན་དེར་དྲངས་པའི་དབུ་མ་ཚིག་གསལ་གྱི་ལུང་ནི་འདི་ཡིན་ཏེ།
དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་ལ་སོགས་པ་དག་བསྟན་པ་གང་ཡིན་པ་དེ་དག་ནི་མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ།།འོ་ན་ཅི་ཞེ་ན།མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་དག་གི་ཤེས་པའི་ཡུལ་ལ་ལྟོས་ནས་ཡིན་ནོ།།དེ་ཁོ་ནའི་གཟིགས་པ་ལ་ལྟོས་ནས་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ།འདི་ལྟ་སྟེ་སླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ།།ཞེས་གསུངས་པའི་ལུང་དེའི་དོན་གྱི་སྙིང་པོ་བསྡུས་ནས་བརྗོད་ན་འདི་ཡིན་ཏེ།རྟེན་འབྱུང་འགག་སོགས་བརྒྱད་པོ་དེ་བློ་དོན་དམ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་མི་བདེན་པ་དང༌།བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པའམ་ཐ་སྙད་པའི་ཚད་མའི་ཡུལ་ལ་ལྟོས་ནས་འཇོག་དགོས་པ་ཡིན་ནོ།དེ་ཁོ་ནའི་གཟིགས་པ་ལ་ལྟོས་ནས་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ནི་བདེན་པ་དམ་པའམ་དོན་དམ་བདེན་པ་སྟེ།འདི་ལྟ་སྟེ།སླུ་བ་མེད་པའི་ཆོས་ཅན་རང་བཞིན་དང་གློ་བུར་གྱི་མྱ་ངན་ཅི་རིགས་ལས་འདས་པའོ།ཞེས་གསུངས་པའི་དོན་ཡིན་ལ།
ལུང་དོན་དེ་དང་མཐུན་པ་རྩ་ཤེའི་རྣམ་བཤད་ཀྱི་ལུང་དོན་ཡང་འདི་ཡིན་ཏེ།མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་མི་སྲིད་ན་ནི།དེའི་གཟིགས་པ་ལ་ལྟོས་ནས་དོན་དམ་བདེན་པ་གསུངས་པ་དང༌།དེས་མ་གཟིགས་པ་ལ་ལྟོས་ཏེ་དོན་དམ་བདེན་པ་མ་ཡིན་པར་གསུངས་པའི་རྣམ་དབྱེ་དེ་ལྟ་བུར་བྱར་མེད་ལ།དེ་ལྟར་བྱར་ཡོད་ན་ནི་མཉམ་གཞག་ཡེ་ཤེས་དེས་དོན་དམ་བདེན་པ་དེ་ཁོ་ན་ཉིད་མིན་པའི་ཡུལ་གཞན་རྟེན་འབྱུང་དགག་སོགས་བརྒྱད་ལ་སོགས་པའི་ཀུན་རྫོབ་པའི་ཆོས་རྣམས་མི་འཇལ་ལ།ཡུལ་མེད་པའི་ཟག་མེད་ཀྱི་ཤེས་པ་མི་སྲིད་པས་དོན་དམ་བདེན་པ་དེ་ཁོ་ན་ཉིད་རྟོགས་དགོས་སོ་ཞེས་པའི་དོན་ཡིན་པའི་ཕྱིར།འོ་ན་དོན་དམ་བདེན་པ་དེ་ཁོ་ན་ཞེས་སྨོས་པའི་ཆོག་པས་ཉིད་ལྷག་པོ་བརྗོད་པ་ལ་དགོས་པ་མེད་དོ་སྙམ་ན།སྟོང་པ་ཉིད་ལ་དེ་ཁོ་ན་ཉིད་ཅེས་ཁོ་ན་དང་ཉིད་ཅེས་གཉིས་ཚིག་སྨོས་པའི་དགོས་པ་ཅི་ཡིན་མ་རྟོགས་པ་དང༌།གཞུང་ཆེན་མོའི་སྤམ་བཤད་ལ་རྒྱུས་མངའ་དེ་ཙམ་མེད་པའི་འབྲས་བུའི་ཚུལ་གསུམ་ཅན་པ་དག་ལ་དགག་སྒྲུབ་ཀྱི་ཡིག་ཚོགས་སྤྲོ་བར་མི་བྱའོ།སྤྱིར་གཞུང་ཆེན་མོ་རྣམས་ནས་སྤམ་མཐོ་བའི་བཤད་པ་རྣམས་བང་རིམ་བསྒྲིགས་ཏེ་གཞུང་དོན་མ་ནོར་བ་འཆད་རྒྱུ་གལ་ཆེ་བ་ལས་རང་གི་འདོད་པ་དང་མཐུན་པའི་ཚིག་གི་རི་མོ་ཅན་གྱི་ལུང་རྣམས་རྡོ་སྒྲུག་སྒྲུག་བྱ་རྒྱུ་ནི་དེ་ཙམ་གྱིས་གལ་ཆེ་བ་མ་ཡིན་ལ།རྟོག་གེའི་རིགས་པས་ཚིག་གི་རི་མོ་ཁོ་ནར་དེད་ནས་བཤད་ཡམས་བྱེད་པ་ནི་འགལ་འདུའི་ཕུང་པོ་ཁུར་བའི་རྒྱུ་རུ་འགྲོ་བ་མང་དག་ཅིག་ཡོད་པས་གནས་འདི་ལ་ཐུགས་ཟབ་གནང་དགོས་པ་ཞིག་ཡིན་ནོ་སྙམ།གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་དང༌།རང་བཞིན་སྟོང་པ་ཉིད།དོན་དམ་པ་སྟོང་པ་ཉིད་སོགས་ཀྱི་སྟོང་གཞི་ཆོས་ཅན་ལ་སྟོང་ཉིད་ཡིན་པའི་ཁྱབ་དགོས་པའི་རྒྱབ་རྟེན་དུ་དྲངས་པའི་རྩ་ཤེས་རྣམ་བཤད་ཀྱི་ལུང་དེ་ཡང་ཁྱེད་ཀྱི་ཐུགས་དམ་གྱི་མཐིལ་དུ་ཡོད་པའི་དམ་བཅའ་བཙན་པོ་དེའི་གཞན་དབང་དུ་སོང་བ་ཞིག་ལས་དེ་ལ་རང་དབང་གི་སྒོ་ནས་བདེན་ཁ་སྦྱིན་མཁན་ཞིག་གཏན་ནས་རེད་མི་འདུག་སྙམ།དེ་ཡང་རྩ་ཤེས་རྣམ་བཤད་ཀྱི་ལུང༌།སྟོང་པ་ཉིད་སྟོང་པ་ཉིད་དང༌།རང་བཞིན་སྟོང་པ་ཉིད་དང༌།དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་དེ་ཁོ་ན་ཉིད་སྟོང་གཞི་ཆོས་ཅན་དུ་བཟུང་ནས་དོན་དམ་པར་ངོ་བོས་སྟོང་པ་སྟོན་དགོས་པ་ཡང་ཆོས་ཉིད་ཡོད་པ་དང༌།དོན་དམ་པར་མེད་པ་གཉིས་འགལ་བ་འཛིན་པ་འདི་འགོག་པའི་ཆེད་དོ།།ཞེས་གསུངས་པའི་དོན་ནི།དེ་དག་གི་སྐབས་སུ་དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་སྟོང་གཞི་ཆོས་ཅན་དུ་བཟུང་ནས་དོན་དམ་པར་ངོ་བོས་སྟོང་པའམ།མདོར་ན་སྟོང་པ་ཉིད་སྟོང་པ་ཉིད་སྟོན་པའི་དགོས་པ་ཡང་ཆོས་ཉིད་ཡོད་པ་དང༌།དོན་དམ་པར་མེད་པ་གཉིས་འགལ་བ་འཛིན་པ་འདི་འགོག་པའི་ཆེད་དོ་ཞེས་གསུངས་པའི་རིགས་པའི་འགྲོས་དང༌།དགོས་པ་ཡང་ཞེས་པའི་ཡང་སྒྲའི་ནུས་པ་བཅས་ལ་བརྟེན་ནས།སྤྱིར་ཆོས་ཉིད་ནི་རང་བཞིན་ཁྱད་པར་གསུམ་ལྡན་ཡིན་པ་དང༌།རང་བཞིན་གྱིས་གྲུབ་པ་གཏན་ནས་མེད་པ་དང༌།དེ་བཞིན་དོན་དམ་བདེན་པ་ཡོད་པ་དང༌།དོན་དམ་དུ་བདེན་པར་མེད་པ་འགལ་བ་འཛིན་པ་འདི་དག་ཀྱང་འགོག་པའི་ཆེད་དུ།རིམ་བཞིན་རང་བཞིན་སྟོང་པ་ཉིད་དང༌།དོན་དམ་པ་སྟོང་པ་ཉིད་སོགས་བསྟན་ཅེས་

པའི་དོན་ཡིན་པ་ཟུར་ལས་བལྟས་པ་ཙམ་གྱིས་ལེབ་མཐོང་ཐུབ་པ་དེ་ཡིན་པའི་ཕྱིར།མ་ཚད་རྒྱལ་ཚབ་ཆོས་རྗེས་མཛད་པའི་དབུ་མ་ལ་འཇུག་པའི་བསྡུས་དོན་ལས།སྟོང་པ་ཉིད་སྟོང་པ་ཉིད་སྐབས་འདིར་སྨོས་པའི་དགོས་པ་ཡོད་དེ།སྟོང་ཉིད་བདེན་པར་འཛིན་པ་བཟློག་པའི་ཆེད་དུ་ཡིན་པའི་ཕྱིར་དུ་གསུངས་པའི་ཕྱིར།དོན་དམ་པ་སྟོང་པ་ཉིད་འདིར་སྨོས་པ་ལ་དགོས་པ་ཡོད་དེ།བྱེབ་བྲག་པ་སོགས་ཐར་པ་རྟག་རྫས་སུ་འཛིན་པ་བཟློག་པའི་ཆེད་དུ་གསུངས་པའི་ཕྱིར།རང་བཞིན་སྟོང་པ་ཉིད་ཅེས་སྨོས་པ་ལ་དགོས་པ་ཡོད་དེ།འཕགས་པ་རྣམས་ཀྱིས་ཤེས་པ་དང་མཐོང་བས་གསར་དུ་བྱབས་སམ་སྙམ་པའི་དོགས་པ་བཟློག་པའི་ཆེད་ཡིན་པའི་ཕྱིར།ཅེས་གསུངས་པའི་ཕྱིར།གཞན་ཡང་མྱང་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པ་འཇུག་པ་རྩ་འགྲེལ་ལས་གསུངས་ཞེས་པ་བདེན་ཡང༌།དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ལ་མཐའ་གཅིག་ཏུ་སྟོང་ཉིད་ཡིན་དགོས་པ་རྩ་ཤེས་ཊིཀ་ཆེན་ལས་གསལ་ཁ་གང་ཡང་མེད་པས་གཞུང་སྔ་ཕྱི་འདི་དག་ནང་འགལ་བའི་སྐྱོན་གང་ཡང་མི་འདུག་པས་ཁྱེད་ཉིད་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་པར་མཛོད་ཅིག།
གཞན་ཡང་བློ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་བདེན་པ་ལ་སྟོང་ཉིད་ཀྱིས་མ་ཁྱབ་ན།མཐར་ཐུག་ལ་སྟོང་ཉིད་ཀྱིས་མ་ཁྱབ་ཀྱང་ཧང་སང་བའི་གནས་མ་ཡིན་ལ།དེས་ན་འགོག་བདེན་ཆོས་ཉིད་མ་ཡིན་ནའང་བློ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོར་བདེན་པས་དོན་དམ་བདེན་པ་འཇོག་ཐུབ་ཀྱི་ཡོད་ན།སློབ་པའི་བློ་ཡི་མཆོག་གམ་མཐར་ཐུག་པ་མཉམ་གཞག་ཡེ་ཤེས་ཀྱི་ངོར་ཡོད་པས་མཐར་ཐུག་ཅི་ལ་འཇོག་མི་ཐུབ་སྟེ་འཇོག་ཐུབ་པ་ཡིན་ནོ།ཡང་འགོག་བདེན་ཆོས་ཉིད་མིན་ན་མཐོང་ལམ་རྣམ་གྲོལ་ལམ་དེ་མཐོང་སྤོང་སྤངས་པའི་འགོག་བདེན་ལ་གང་གི་གནད་ཀྱིས་མཐར་ཐུག་ཏུ་སོང་ངམ་སྙམ་ན།མཐོང་སྤོང་སྤངས་པའི་འགོག་བདེན་དེ་གང་གི་གནད་ཀྱིས་དོན་དམ་བདེན་པ་ཡིན་པ་དེ་ཡི་གནད་ཀྱིས་རྣམ་འགྲོལ་ལམ་དེ་ལ་མཐར་ཐུག་ཏུ་སོང་བའི་ཚུལ་རྣམས་ལེགས་པར་ཤེས་ན་དངོས་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་ལ་དོན་དངོས་དང་མཐུན་པའི་འགྲེལ་བཤད་བྱ་ཐུབ་པས།ཚུལ་མིན་གྱི་རྣམ་རྟོག་མང་དག་ཅིག་རང་ཞིག་ཏུ་འགྲོ་བ་ནི་འོས་མེད་ཀྱི་རིགས་པའི་འགྲོས་དང་མཐུན་པ་ཞིག་ལོས་ཡིན།དེས་ན་འགོག་བདེན་ཆོས་ཉིད་མ་ཡིན་པར་འདོད་པ་ལ་འགལ་འདུར་སྨྲ་ཞེས་པའི་ཁེངས་པ་ཅུང་བསྐྱུང་བར་རིགས་སོ།
གཞན་ཡང་འགོག་བདེན་ཆོས་ཉིད་མིན་ནའང་རྣམ་གྲོལ་ལམ་གྱི་རྟོགས་པའི་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་ཏེ།དཔེར་ན་རང་ལ་དགྲ་ཡོད་ནས་སྡོད་པའི་གནས་སྐབས་དང༌།དགྲ་ལ་ཁ་གཏད་དེ།དེ་མེད་པར་བཟོ་བའི་གནས་སྐབས།དགྲ་མེད་པར་བཟོས་པ་བཞིན་དེ་ཉིད་མེད་པར་ཤེས་ནས་བདེ་བར་སྡོད་པའི་གནས་སྐབས་གསུམ་ཡོད་པ་བཞིན།མཐོང་ལམ་དང་རྒྱུན་གཅིག་པའི་སྦྱོར་ལམ་གྱི་གནས་སྐབས་སུ་མཐོང་སྤང་གི་དགྲ་ཡོད་པ་དང༌།མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་གི་དགྲ་མེད་པར་བཟོ་པའི་གནས་སྐབས་དང༌།མཐོང་ལམ་རྣམ་གྲོལ་ལམ་གྱིས་མཐོང་སྤང་གི་དགྲ་མེད་པར་ངེས་ནས་དེ་ལས་རྣམ་པར་རྒྱལ་བའམ་གྲོལ་བའི་བདེ་བ་ལ་གནས་པའི་སྐབས་བཅས་ཡིན་ལ།མཐོང་ལམ་རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་ཚུལ་ཡང་འདི་འདྲ་ཞིག་ཡིན་དགོས་པ་ལས་འདི་ལས་གཞན་ཞིག་ཡོད་པ་ནི་སུ་ལའང་བཤད་རྒྱུ་མེད་པའི་ཕྱིར།ཞེས་ཕལ་ཆེ་བས་ལན་འདི་མཛད་ལ།འདི་ནི་ཅི་འདྲའི་ཆེས་ཤིན་ཏུ་བདེན་པ་ཞིག་མ་རེད་དམ།ཁྱེད་རང་ཐུགས་བསམ་ཞིག་བཞེས་དང༌།དཔེར་ན་གོས་ཀྱི་དྲི་མ་རྣམས་གོས་ཀྱི་རང་བཞིན་ལ་མ་ཞུགས་ཀྱང་གོས་དང་འདྲེས་པའི་ཚུལ་དུ་ཡོད་ལ་ཕྱིས་སུ་དྲི་མ་དེ་དག་པའི་དག་ཆ་ཡང་གོས་དེ་དང་ངོ་བོ་དབྱེར་མེད་ཀྱི་ཚུལ་དུ་ཡོད་པ་བཞིན།སྤང་བྱའི་དྲི་མ་རྣམས་ཀྱང་སེམས་དང་འདྲེས་པའི་ཚུལ་དུ་ཡོད་ལ།ཕྱིས་སུ་གཉེན་པོའི་སྟོབས་ཀྱིས་དྲི་མ་དེ་དང་གཏན་བྲལ་དུ་སོང་བ་ན།སྤང་བྱའི་དྲི་མ་དེ་དག་དང་བྲལ་བའི་བྲལ་བའམ་དེ་ཉིད་མེད་པའི་མེད་ཆ།དཔེར་ན་རྡུལ་སྤྲིན་གྱི་དག་པའི་དྭངས་གཙང་གྀ་ནམ་མཁའ་ལྟ་བུའི་མེད་དགག་དེ་རང་བཞིན་དྭངས་ཤིང་གསལ་ལ་དྲི་མ་མེད་པའི་སེམས་དེ་དང་ཕ་རི་ཚུ་རི་ལྟར་རྒྱང་ཆད་ནས་གནས་པ་མ་ཡིན་པར་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཡོད་ལ།གནས་གྱུར་མཐར་ཕྱིན་པ་ན་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན་མཁན་ཡང་འདི་ཉིད་ཡིན་ནོ།།འོ་ན་རྣམ་གྲོལ་ལམ་གྱིས་དེ་ཉིད་ཡུལ་དུ་བྱ་ཚུལ་གང་ཡིན་ནམ་སྙམ་ན།རང་འདྲེན་བྱེད་བར་ཆད་མེད་ལམ་ནི་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དང་བཅས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱ་བའི་ཕྱིར་ཡུལ་ཟབ་མོ་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པ་ཡིན་ལ།དྲི་མ་རྣམས་ཀྱང་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་དུ་བ྄ས་པའི་ངོར་ཟད་པ་ཡིན་པས་དེ་ཉིད་ཟད་པའི་ཟད་ཆ་ཡང་དེས་དེ་ཁོ་ཉིད་གཟིགས་པའི་ངོར་སྣང་བ་ལ་ཅི་འདྲའི་རིགས་པ་དང་ལྡན་པ་ཞིག་མ་རེད་དམ།དཔེར་ན།མིག་སྐྱོན་མེད་ཀྱི་སྟེང་དུ་ཡོད་པའི་དྲི་མེད་དྭངས་གསལ་གྱི་མིག་ཤེལ་དེ་མིག་དེ་ལ་བརྟེན་པའི་མིག་ཤེས་དེས་ཡུལ་གཞན་མཐོང་བ་ན་མིག་ཤེལ་དེ་མཐོང་བར་འབད་བརྩོན་ཟུར་ཏུ་མི་དགོས་པར་ཞོར་འགྲོས་སུ་མཐོང་བ་བཞིན་རྣམ་གྲོལ་ལམ་གྱིས་ཀྱང་རང་གི་ཡུལ་ཟབ་མོ་སྟོང་པ་ཉིད་མཐོང་བའི་ཞོར་དུ་རང་གི་སྟེང་དུ་ཡོད་པའི་གློ་བུར་རྣམ་དག་གི་ཆར་གྱུར་པའི་འགོག་པའི་བདེན་པ་དེ་ཡང་མཐོང་བ་ཡིན་ནོ།ཞེས་འཁྱོག་བཤད་ཀྱི་དྲི་མས་མ་གོས་པའི་གཏམ་ཚངས་པའི་ཐིག་ཤིང་འདི་ཁོ་བོ་རིགས་ལམ་དུ་ཕྱིན་ཏེ་སྨྲས་པ་ཞིག་ཡིན་ནོ།ཡང་ན་ནམ་མཁའ་སྤྲིན་ཟད་པའི་ཟད་ཆ་དང་སྤྲིན་བྲལ་གྱི་ནམ་མཁའ་གཉིས་མིག་ཤེས་མཐོང་ཚུལ་ཁྱད་པར་མེད་པ་བཞིན་ནོ་སྙམ།ཡང་ཁོང་

ཁྲོས་དགེ་རྩ་འགོག་པའི་འགོག་བདེན་དང༌།གོས་ལ་དྲི་མ་འགོག་པའི་འགོག་བདེན་སོགས་ཡོད་དགོས་སོ་སྙམ་ན།མ་ཡིན་ཏེ།དེ་ནི་སྔར་ཡོད་ཀྱི་དགེ་བ་ཕྱིས་མེད་པའི་མེད་དགག་དང༌།དེ་བཞིན་སྔར་ཡོད་གོས་ཀྱི་དྲི་མ་ཕྱིས་མེད་པའི་མེད་དགག་ཙམ་ཡོད་པ་ཡིན་ནའང་དགག་བྱའི་དགེ་བ་དང་གོས་ཀྱི་དྲི་མ་རྣམས་ཀྱི་རིགས་འདྲའམ་དེ་དང་འདྲ་བ་ཕྱི་མ་རྣམས་གཞི་དེར་གཏན་ནས་མི་སྐྱེ་བའི་ཆོས་ཅན་དུ་བྱར་མེད་པས་དུས་གསུམ་གྱི་རྒྱལ་བ་རྣམས་གཤེགས་པའི་ཤུལ་ལམ་རིང་མོ་དང༌།སྲིད་པ་ལས་གྲོལ་བའམ་ཞི་བ་ཐར་བ་ཆེན་པོའི་གྲོང་མཆོག་ཏུ་འཇུག་པའི་སྒོ་གཅིག་པུ་ལམ་བདག་མེད་རྟོགས་པའི་ཤེས་རབ་སྒོམ་པའི་བྲལ་བའི་འབྲས་བུ་གྱ་ནོམ་པ་འདི་དང་མཚུངས་པའི་སྐབས་མེད་ལ།འདི་ནི་སྤང་བྱའི་དགྲ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང༌།སྲིད་པའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་གནས་དངོས་ཡིན་པ་མ་ཟད།འགོག་པའི་བདེན་པ་ཞེས་པ་འདི་འདོད་རྒྱལ་མཁན་པོའི་འདོད་པ་ཙམ་མ་ཡིན་པར་རྗེས་གྲུབ་ཀྱི་མིང་འདི་ཉིད་དང་མཐུན་པའི་གོ་བ་རྣལ་མ་ཞིག་རྙེད་ན།གང་ཟག་དེའི་རྒྱུད་ལ་གང་མེད་པའི་མེད་ཆ་ཐམས་ཅད་དེ་དང་དེ་འགོག་པའི་འགོག་བདེན་ཡིན་ནམ་སྙམ་ནས་དྭོགས་པ་ཟ་མི་དགོས་པར་འགོག་བདེན་ནི་ས་ལམ་གྱི་བགྲོད་པ་གང་མཐོར་ཕྱིན་པའི་བརྒྱུད་རིམ་གཅིག་ལ་བརྟེན་ནས་འཐོབ་དགོས་པའི་ཁྱད་འཕགས་ཀྱི་ཡོན་ཏན་ཞིག་ཡིན་པའི་ངེས་ཤེས་རྙེད་པར་འགྱུར་རོ།ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་གྱིས་སྟོང་ཉིད་མིན་པའི་ཡུལ་གཞན་ཞིག་འཇལ་ན་དེ་ཉིད་གཉིས་སྣང་མ་ནུབ་པའི་སྐྱོན་མི་འགྱུར་ཏེ།འདིའི་སྐབས་སུ་གཉིས་སྣང་བཅས་ནུབ་ཅེས་པའི་གཉིས་སྣང་དེ་ཀུན་རྫོབ་ཀྱི་སྣང་བ་ལ་བྱེད་དགོས་པ་ཡོངས་གྲགས་ཡིན་པས་འགོག་བདེན་ནི་དེ་ལས་བཟློག་སྟེ་དོན་དམ་བདེན་པ་ཡིན་པའི་ཕྱིར།དེས་ན་རྣམ་གྲོལ་ལམ་གྱི་ཆོས་ཉིད་མིན་པའི་འགོག་བདེན་ཞིག་རྟོགས་ན་དེས་མི་རྟག་པ་རྟོགས་པ་དང་མཚུངས་ཞེས་བྱུང་རྒྱལ་དུ་སྨྲ་བ་མང་དག་ཅིག་བྱ་དགོས་པ་མ་ཡིན་ནོ།
གཞན་ཡང་ཐེག་དམན་གྱི་མདོ་ལས།འདུས་བྱས་ཟད་པར་བསྟན་པས་སྟོང་པ་ཉིད་སྟོན་པ་དང༌།ཐེག་ཆེན་གྱི་མདོ་ལས་ཕུང་སོགས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་ཉིད་དུ་བསྟན་པ་གཉིས་དོན་གཅིག་ཏུ་རིན་ཆེན་ཕྲེང་བ་དང༌།འཇུག་པའི་ཊིཀ་ཆེན་སོགས་ལས་གསལ་བར་གསུངས་པས་ཁྱེད་ལྟར་ན་ཐེག་དམན་གྱི་མདོ་ལས་བསྟན་པའི་འདུས་བྱས་ཟད་པ་སྟོང་པ་ཉིད་དེ་མྱང་འདས་མཚན་ཉིད་པར་འདོད་པས།ལུགས་འདི་ལ་སྟོང་ཉིད་དང་མྱང་འདས་གཉིས་དོན་གཅིག་ཡིན་ཞེས་མགྲིན་པ་བསལ་ཏེ་སྨྲ་རྒྱུ་ཡིན་ན་མ་གཏོགས།དེ་ཉིད་ཐེག་ཆེན་གྱི་མདོ་ལས་བསྟན་པའི་ཕུང་སོགས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་པ་ཉིད་དང་དོན་གཅིག་ཏུ་བྱར་མེད་པའི་ཕྱིར་སྙམ།ཡང་གཞན་གྱི་ཟད་པ་སྟོང་པ་ཉིད༌།ཅེས་མདོ་གཞན་ལས་འདུས་བྱས་ཟད་པ་བསྟན་པས་ཟད་པ་དེ་མྱང་འདས་ཡིན་པའི་ཁུངས་སུ་དྲངས་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར་དྲངས་པའི་ཐེག་དམན་གྱི་མདོ་དེ་ཡང་དེ་ཡི་ཁུངས་སུ་ཤིན་ཏུ་ནས་འགྲོ་དཀའ་སྟེ།འཇུག་པའིཊིཀ་ཆེན་ལས།ཁོ་བོ་ཅག་ལྟར་ན།འདིའི་ཟད་པ་ནི་ཟད་པ་གཉེན་པོའི་ཟད་པ་མ་ཡིན་ཏེ།དེ་ནི་གདོད་ནས་ཟད་པས་ཟད་ཅེས་བྱ།ཞེས་གསུངས་པ་ལྟར་བཤད་པས་ཆོག་པས་མདོའི་དོན་ལེགས་པར་བཤད་པར་ནུས་སོ།།དེས་ན་མདོ་ལས་འདི་འདྲ་བའི་ཟད་པ་བསྟན་ནས།སྡུག་བསྔལ་འགགས་པའི་འགོག་པ་མྱ་ངན་ལས་འདས་པ་བསྟན་པ་དེ་དང༌།རང་བཞིན་གྱིས་སྐྱེ་བ་མེད་པའི་འགོག་པ་བསྟན་པ་གཉིས་དོན་གཅིག་ཏུ་འཕགས་པས་གསུངས་པ་འདི་མ་རྟོགས་པར་སྣང་བས་ཞིབ་ཏུ་བཤད་དོ།ཞེས་གསུངས་པས་ཁྱེད་ཉིད་ཀྱིས་གསུང་གི་འགྲོས་བབ་ལ་བརྟག་ན་སྟོང་ཉིད་དེ་གཉིས་དོན་གཅིག་ཏུ་འཕགས་པས་གསུངས་པའི་དོན་མ་རྟོགས་པའི་ཕྱོགས་སུ་སོང་བ་མིན་ནམ་སྙམ་པ་ནི་ལུང་རིགས་དྲི་མ་མེད་པ་ཞིག་ལ་བརྟེན་ནས་བྱུང་བའི་དྭོགས་པ་ཞིག་ཡིན་པ་ལས་ཚུལ་མིན་ཡིད་བྱེད་ཀྱི་གཞན་དབང་དུ་སོང་ནས་གཞན་ལ་ཟུར་ཚིག་སྨྲ་བ་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ།
གཞན་ཡང་ལུང་དོན་དེ་དང་མཐུན་པ་ཟབ་དོན་གསལ་བའི་སྒྲོན་མེ་ལས།རིགས་པ་དྲུག་ཅུ་པའི་འགྲེལ་པར་དྲངས་པའི་ཐེག་དམན་གྱི་མདོ་ལས།ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་རིགས་ཅན་གྱི་དབང་དུ་མཛད་ནས་སྡུག་བསྔལ་འདི་མ་ལུས་པ་སྤངས་པ།ངེས་པར་སྤངས་པ།བྱང་བར་གྱུར་པ།ཟད་པ།འདོད་ཆགས་དང་བྲལ་བ།འགོག་པ།ཉེ་བར་ཞི་བ།ནུབ་པ།སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང༌།མི་འབྱུང་མི་སྐྱེ་བ་འདི་ནི་ཞི་བ།འདི་ནི་གྱ་ནོམ་པ་སྟེ།འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ།སྲིད་པ་ཟད་པ།འདོད་ཆགས་དང་བྲལ་བ།འགོག་པ།མྱ་ངན་ལས་འདས་པའོ།།ཞེས་གསུངས་པ་རྣམས་ཀྱིས་ཕུང་པོ་རང་བཞིན་གྱིས་སྐྱེ་མེད་བསྟན་པའི་ཕྱིར་ཏེ།ལུང་དེ་ལས་ཕུང་པོ་ཐམས་ཅད་ཟད་པའི་ཟད་པ་བསྟན་པ་གང་ཞིགདེ་དང་ཐེག་ཆེན་གྱི་མདོ་ལས་ཕུང་པོ་རང་བཞིན་གྱིེས་སྐྱེ་མེད་དུ་བསྟན་པ་གཉིས་དོན་གཅིག་པར་རིན་ཆེན་ཕྲེང་བའི་ཐེག་ཆེན་བཀར་སྒྲུབ་པའི་སྐབས་སུ་གསུངས་པའི་ཕྱིར་ཏེ།དེ་ཉིད་ལས།ཐེག་པ་ཆེ་ལས་སྐྱེ་མེད་བསྟན།།གཞན་གྱི་ཟད་པ་སྟོང་པ་ཉིད།།ཟད་དང་མི་སྐྱེ་དོན་དུ་ནི།།གཅིག་པ་དེ་ཕྱིར་བཟོད་པར་གྱིས།།ཞེས་གསུངས།གཞན་ཡང་ཐེག་པ་ཆེ་ཆུང་གི་མདོར་དེ་ལྟར་བསྟན་པ་གཉིས་དོན་གཅིག་པ་ཡིན་ཏེ།ཞེས་གསུངས་པས་འཇུག་པའི་ཊིཀ་ཆེན་དང་ཟབ་དོན་གསལ་བའི་སྒྲོན་མེ་གཉིས་ཀས་མགྲིན་གཅིག་ཏུ་གསུངས་པའི་ལེགས་བཤད་འདི་དག་ལས་བརྒལ་བའི་ལེགས་བཤད་ཟུར་པ་དག་ལ་དེ་ཙམ་གྱི་རྣ་བ་གཏོད་པའི་ཡུལ་ཡིན་པ་མི་སེམས་སོ།

ཡང་སྤྱི་དོན་ལས།ཕུང་པོ་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་ཟད་པའི་འགོག་པ་མངོན་དུ་བྱས་པ་ཉིད།ཐེག་དམན་གྱི་ལྷག་མེད་མྱང་འདས་མངོན་དུ་བྱས་པའི་དོན་ཡིན་པར་དྲངས་མ་ཐག་པའི་ཐེག་དམན་གྱི་མདོ་ལས་བསྟན་པའི་ཕྱིར།ཞེས་པའི་ལུང་འདིས་ཐེག་དམན་གྱི་ལྷག་མེད་མྱང་འདས་དང་སྟོང་ཉིད་ཀྱི་གཞི་མཐུན་ཡོད་པ་དངོས་སུ་གསུངས་པར་འདོད་པ་དང༌།ཡང་འོག་ཏུ་པཎ་ཆེན་རིན་པོ་ཆེའི་དབུ་མ་སྤྱི་མཐའ་གཉིས་ལས་འགོག་བདེན་ཆོས་ཉིད་མིན་པའི་སྒྲུབ་བྱེད་མང་དུ་གསུངས་པ་དང་ཞེས་དང༌།ཡང་པཎ་ཆེན་མཆོག་གིས་འགོག་བདེན་ཆོས་ཉིད་ཡིན་པ་གསང་སྔགས་ཀྱི་སྐབས་སུ་མ་གཏོགས་གསུངས་མེད་ཚུལ་བཤད་པ་ཐམས་ཅད་ཁས་ལེན་ནང་འགལ་ཤ་སྟག་མ་ཡིན་ནམ།མ་ཡིན་ནོ་ཞེ་ན།འཇིག་རྟེན་འདི་ན་འགལ་འདུ་སྨྲ་བ་ནམ་མཁའི་པད་མོའི་མཛེས་ཆོས་ཤིག་ཡིན་ན་ནི་ཡོད་ཚད་ཐམས་ཅད་འགལ་སྐྱོན་གྱིས་དག་པས་འདི་ལ་སྐྱོན་ཅི་ཞིག་ཡོད།དེ་ལྟར་མིན་ན་འདི་ཉིད་འགལ་འདུའི་ཁུངས་སུ་གཏོགས་པ་ལ་སུས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་ནོ་སྙམ།
དེས་ན་ལུང་དེའི་དོན་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལྷག་མེད་མྱང་འདས་མངོན་དུ་བྱ་ཚུལ་སྟོན་པ་ལས་སྤྱིར་ལྷག་མེད་མྱང་འདས་མངོན་དུ་བྱ་ཚུལ་སྟོན་པས་མིན་ཞེས་པ་ནི་ཚད་ལྡན་གྱི་གཞུང་དོན་དང་མཐུན་པར་མ་ཟད་གནད་རྣམས་ཞིབ་ཏུ་བསམ་པའི་ལེགས་བཤད་ཅིག་ལ་ངོས་འཛིན་ཆོག་ཏཻ།ཁྱེད་ཀྱིས་དྲངས་པའི་དབུ་མ་སྤྱི་དོན་གྱི་ལུང་དེ་མ་ཐག་ལས།དེ་ལྟར་བྱས་ན་ལྷག་བཅས་མྱང་འདས་དང༌།ལྷག་མེད་མྱང་འདས་ལ་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་དེ།ཉོན་མོངས་མ་ལུས་པར་སྤངས་པའི་དགྲ་བཅོམ་པས་ཕུང་སོགས་གདོད་མ་ནས་རང་བཞིན་གྱིས་ཟད་པའི་འགོག་པ་མངོན་དུ་བྱབབ྄ས་པའི་མཉམ་གཞག་གི་ངོ་ན་བདེན་སྣང་གི་ལྷག་མ་མེད་པའི་མྱང་འདས་ལྷག་མེད་མྱང་འདས་དང༌།མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་ངོ་ན་ཕུང་སོགས་བདེན་སྣང་གི་ལྷག་མ་ཡོད་པའི་མྱང་འདས་ལྷག་བཅས་མྱང་འདས་སུ་འཇོག་པའི་ཕྱིར།འདིའི་དབང་དུ་བྱས་ནས་མྱང་འདས་གཉིས་ཐོབ་པའི་གོ་རིམ་གྲུབ་མཐའ་འོག་མ་ལྟར་མི་བྱ་སྟེ།དང་པོར་ལྷག་མེད་མྱང་འདས་མངོན་དུ་བྱས་ནས།དེའི་རྗེས་ལྷག་བཅས་མྱང་འདས་མངོན་དུ་བྱབེད་བའི་གོ་རིམ་ངེས་པས་སོ།ཞེས་གསུངས་པའི་རྡོ་རྗེའི་བཀའ་ལུང་དང་ཡོངས་སུ་མཐུན་པ་ཡིན་པའི་ཕྱིར།

ཡང་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་ལས༌།པཎ་ཆེན་རིན་པོ་ཆེ་སྐུ་ཚེ་སྨད་ཀྱི་གསུང་རྩོམ་གསང་འདུས་བསྐྱེད་རིམ་མཁས་པའི་ཡིད་འཕྲོག་ལས།གཉིས་པ་ཆོས་ལ་སྐྱབས་སུ་འགྲོ་བ་ནི།གཉིས་སྣང་གི་རྟོགས་པ་མ་ལུས་པ་ལས་ས་རང་དུས་ནས་ངེས་པར་གྲོལ་ཞིང༌།སེམས་དཔའ་དམ་པ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་ཚོགས་པ་འབྱུང་བའི་གཞི།མཉམ་གཞག་ཡེ་ཤེས་ཀྱི་བདེན་པ་དང༌།ཆོས་ཅན་གྱི་དངོས་པོ་རྣམས་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་འགོག་པའི་བདེན་པ་སྟེ།དེ་ལྟ་བུའི་སྐྱབས་དངོས་རང་རྒྱུད་ལ་ཐོབ་བ྄ར་ཁས་ལེན་པའོ།ཞེས་འགོག་བདེན་ཆོས་ཉིད་ཡིན་པ་གསལ་བར་གསུངས་པས།ཞེས་ཟེར་བ་ནི་རྟོག་གེ་ངན་པ་འགའ་ཞིག་གི་ལུགས་ལྟར་ལུང་དོན་ཐམས་ཅད་ཀྱོག་ནས་ཨུ་ཚུགས་ཀྱིས་རང་ཕྱོགས་སུ་དྲངས་སོང་བ་ཅིའི་ཕྱིར་མ་ཡིན་ནམ།ལུང་དེ་ཉིད་ཁྱེད་ཀྱི་བཞེད་པ་ལ་བདེན་ཁ་སྤྱིན་མཁན་ཞིག་ཡིན་པའི་དབང་དུ་བཏང་ནའང༌།ཆོས་ཅན་གྱི་དངོས་པོ་རྣམས་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་འགོག་པའི་བདེན་པ་ཡིན་ཞེས་གསུངས་པ་ལས།འགོག་བདེན་ཆོས་ཉིད་ཡིན་ཞེས་གཏན་ནས་མ་གསུངས་པའི་ཕྱིར།གསུངས་སྟངས་དེ་གཉིས་ལ་ཁྱད་པར་མེད་པ་སྨྲ་མི་ནུས་ཏེ།མི་གང་ཟག་ཡིན་ཞེས་པ་དང༌།གང་ཟག་མི་ཡིན་ཞེས་པ་གཉིས་ལ་ཁྱད་པར་མེད་པ་མ་ཡིན་པ་བཞིན་ནོ།
ཁོ་བོའི་བསམ་དོན་ནི།པཎ་ཆེན་བླ་མས་དབུ་ཕར་སྤྱི་མཐའ་སོགས་སུ་དྲི་མ་མེད་པའི་ལུང་རིགས་ཀྱི་སྒོ་དུ་མས་འགོག་བདེན་ཆོས་ཉིད་མིན་པར་བསྒྲུབ་པ་ལ་གཞིགས་ན།གསང་འདུས་བསྐྱེད་རིམ་མཁས་པའི་ཡིད་འཕྲོག་གི་ལུང་དེའི་དོན་ནི།ཁྱེད་རང་གི་རེ་འདོད་དང་མཐུན་པ་ཞིག་གཏན་ནས་རེད་མི་འདུག།འོ་ན་ལུང་དེའི་དོན་ཇི་ལྟར་ཡིན་ནམ་ཞེ་ན།ལུང་དེའི་དོན་ནི།གཉིས་པ་ཆོས་ལ་སྐྱབས་སུ་འགྲོ་བ་ནི་གཉིས་སྣང་གི་རྟོགས་པ་མ་ལུས་པ་ནུབ་པའམ་དེ་ལས་ས་རང་དུས་ནས་ངེས་པར་གྲཽལ་ཞིང༌།སེམས་དཔའ་དམ་པ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་མཉམ་གཞག་ཡེ་ཤེས་ཀྱི་བདེན་པའམ་ལམ་གྱི་བདེན་པ་དང༌།ཆོས་ཅན་ཇི་སྙེད་པའི་དངོས་པོ་རྣམས་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དམ་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གྱི་དགག་བྱ་འགོག་པའི་དོན་དམ་བདེན་པ་སྟེ།དེ་ལྟ་བུའི་སྐྱབས་དངོས་རང་རྒྱུད་ལ་ཐོབ་བྱར་ཁས་ལེན་པའོ།ཞེས་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དང༌།ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཉིས་ཀ་སྐྱབས་གནས་དངོས་དང་རང་རྒྱུད་ལ་ཐོབ་བྱར་ཁས་ལེན་པའོ།།ཞེས་པའི་དོན་ཡིན་པའི་ཕྱིར།དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་འཆད་ཚུལ་ཐུན་མོང་མ་ཡིན་པ་འདི་འདྲ་བ་མདོ་ཕྱོགས་སུ་བཤད་ཡམས་བྱེད་པ་ནི་སྐབས་དོན་བོར་བའི་གཏམ་གླེང་ཞིག་ཡིན་པ་ལས་དོན་དངོས་དང་མཐུན་པའི་འགྲེལ་བཤད་ཅིག་གཞུང་བཅོས་ན་མ་གཏོགས་རྒྱག་ཏུ་

 

མེད་པར་སེམས་ཏེ།དཔེར་ན།ཆོས་ཅན་དངོས་པོ་རྣམས་ཞེས་པ་ཆོས་ཅན་ཇི་སྙེད་ཀུན་རྫོབ་པའི་ཆོས་རྣམས་ལ་གོ་དགོས་ཤིང་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དམ་དེ་བཞིན་ཉིད་ཅེས་པ་ནི་དེ་དག་སྟེང་གི་སྟོང་ཉིད་ལ་གོ་དགོས་པས་དེ་ཉིད་མདོ་ལུགས་སུ་རང་རྒྱུད་ལ་ཐོབ་བྱར་ཁས་ལེན་མཁན་སྔོན་ཆད་རྒྱ་བོད་ཀྱི་མཁས་པ་སུ་ཞིག་བྱུང་མ་མྱོང་ངོ༌།ཡང་འཇུག་པའི་ཊིཀ་ཆེན་དང༌།རྒྱུད་བླ་དར་ཊིཀ་གཉིས་ཀྱི་སྐབས་སུ་ཆོས་དབྱིངས་བསྟོད་པ་དང༌།རྒྱུད་བླ་མའི་ལུང་རྣམས་དྲངས་ནས་དྲི་བཅས་སེམས་ཀྱི་ཆོས་ཉིད་དེ།དྲི་མ་དང་བཅས་པར་གསུངས་ཤིང༌།ཆོས་ཅན་དྲི་བཅས་ཀྱི་སེམས་དྲི་མས་ཇེ་དག་དུ་སོང་བ་ན་དེའི་ཆོས་ཉིད་ཀྱང་དྲི་མའི་ཇེ་དག་ཏུ་འགྲོ་ཞེས་ཞིབ་ཅིང་ཕྲ་བའི་ལེགས་བཤད་འདི་དག་ཡོད་བཞིན་དུ།ལམ་བདག་མེད་རྟོགས་པའི་ཤེས་རབ་སྒོམས་སྟོབས་ཀྱིས་དྲི་མ་རྣམས་ཆོས་དབྱིངས་སུ་དག་པ་ཡིན་ཞེས་ཆེས་ཤིན་ཏུ་མཐོ་བའི་ཆོས་ཚིག་འདིས་གསར་བུ་མང་པོ་ཞིག་མགོ་འཐོམས་བཅུག་གི་འདུག༌།གང་ལགས་ཞེ་ན།སྤྱིར་ཆོས་ཉིད་དྲི་མ་དང་བཅས་པ་མ་ཡིན་ནའང་དྲི་མ་རྣམས་དེ་ཉིད་ཀྱི་སྟེང་དུ་དག་སོང་པ་དང༌།གསལ་ཁ་དང་ཞིབ་བཤད་གང་ཡང་མེད་པར་སྟོང་པ་ཉིད་ནི་འགོག་བདེན་དངོས་རེད་ཅེས་སོགས་གསུངས་པའི་སྔོན་མེད་ཀྱི་ལེགས་བཤད་སྐྱེས་ཟབ་མོ་འདིའི་དགོངས་གཞི་དང་དགོངས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་སྒོ་ནས་དགོངས་པ་ལེན་ན་མ་གཏོགས་ཚིག་ཟིན་ལྟར་ཁས་ལེན་དུ་མེད་པ་དེའི་ཕྱིར།
ཡང་དྲི་མ་དེ་དྲི་བཅས་སེམས་ཀྱི་ཆོས་ཉིད་ལ་བཅས་པས་སྤྱིར་ཆོས་ཉིད་ལ་བཅས་པ་ཁས་ལེན་རིགས་སོ་སྙམ་ན་ནི།ཤེས་བྱ་ལ་ཡང་མགོ་མཇུག་དང་རྒྱུ་འབྲས་སོགས་བཅས་པ་ཁས་ལེན་པ་དང་ཁྱད་པར་ཅི་ཡོད།ཡང་དྲི་བཅས་སེམས་ཀྱི་ཆོས་ཉིད་དང་སྤྱིར་ཆོས་ཉིད་གཉིས་འཕགས་པའི་མཉམ་གཞག་ཡེ་ཤེས་ངོ་ན་རོ་གཅིག་པའི་དབང་གིས་ཡིན་ནམ་སྙམ་ན།ཆོས་ཉིད་དེ་དྲི་བཅས་དྲི་མེད་གཉིས་ཀའི་གཞི་མཐུན་དུ་ཐལ་བར་འགྱུར་རོ་སྙམ་མོ།
སྤྱིར་ནི་དྲི་བཅས་སེམས་ཀྱི་ཆོས་ཉིད་དེ་དྲི་མ་དང་བཅས་པ་ཁས་ལེན་རུང་ཡང་ཆོས་ཉིད་དེ་ལ་དྲི་མ་ཡོད་ཅེས་སྨྲ་བ་མི་རིགས་ཏེ།དེ་ལྟར་ན་སྟོང་གཞི་ཆོས་ཅན་སེམས་དེ་ལ་གང་ཡོད་པ་ཐམས་ཅད་དེའི་ཆོས་ཉིད་ལའང་ཡོད་ཅེས་ཁས་ལེན་དགོས་པ་དང༌།དེ་བཞིན་སྟོང་གཞི་ཆོས་ཅན་ལ་གང་ཡོད་པ་དེ་ཐམས་ཅད་དེའི་ཆོས་ཉིད་ལ་ཡང་ཡོད་ཅེས་ཁས་ལེན་དགོས་པར་འགྱུར་རོ་སྙམ་ཡང༌།ཤིན་ཏུ་དཀའ་བའི་གནས་སུ་འདུག་པས་བློ་ལྡན་དཔྱད་པར་འཚལ་ལོ།ཡང་དྲི་བཅས་སེམས་ཀྱི་ཆོས་ཉིད་དེ་དྲི་མ་དང་བཅས་པ་ཁས་ལེན་ན་དྲི་བཅས་གོས་ཀྱི་ཆོས་ཉིད་དེ་ཡང་དྲི་མ་དང་བཅས་པ་ཁས་ལེན་མི་དགོས་ཏེ།དེ་དག་རྣམ་པ་ཀུན་ཏུ་ནས་མི་མཚུངས་པའི་ཕྱིར་ཏེ།སེམས་ཀྱི་དྲི་མ་དེས་རང་གང་དུ་ལྡན་སའི་སེམས་དེས་རང་གི་སྟེང་གི་ཆོས་ཉིད་གསལ་བར་མཐོང་བ་ལ་གེགས་བྱེད་པས་དེ་འདྲ་བའི་ཆོས་ཉིད་དེ་སེམས་ཀྱི་དྲི་མ་དེ་ཉིད་དང་བཅས་པ་ཁས་ལེན་པ་ལ་རྒྱུ་མཚན་དང་ལྡན་པ་དང༌།སྣོད་དང་གོས་ལ་སོགས་པའི་དྲི་མས་དེ་ལྟར་བ་མེད་པས་དེ་དག་གི་སྟེང་གི་ཆོས་ཉིད་དེ་དྲི་མ་དེ་དག་དང་བཅས་པ་ཁས་ལེན་མི་དགོས་སོ་སྙམ།འགོག་པའི་བདེན་པ་ནི་དྲི་མའི་ངོས་ནས་དག་ཆ་ཞིག་ལ་བསམ་མཁན་ནི་རིགས་པ་སྨྲ་བ་སུ་ཞིག་མི་སྲིད་དེ།དེ་ལྟར་ན་འགོག་བདེན་དྲི་མ་ལས་བྱུང་བར་ཁས་ལེན་དགོས་ལ།འགོག་བདེན་ནི་དེ་ལས་ལྡོག་ཏེ་དྲི་མའི་དངོས་གཉེན་བར་ཆད་མེད་ལམ་ལས་བྱུང་བ་སྔར་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར།དངོས་ཀྱི་གཉེན་པོའི་སྟོབས་ཀྱིས་དྲི་མ་དགག་པའི་འགག་ཆ་དེ་དྲི་མའི་ཤུལ་ལྷག་ཞིག་ལ་གོ་རྒྱུ་མིན་པར་དྲི་མའི་ཤུལ་ལྷག་ཙམ་ཡང་མེད་པར་དགག་པའི་མེད་དགག་ཞིག་ལ་གོ་དགོས་ལ།དེ་ལྟར་མིན་ན་སངས་རྒྱས་ཀྱི་ས་ན་ཆགས་སྡང་རྨོངས་གསུམ་གྱི་ཤུལ་ལྷག་ཡོད་པར་འགྱུར་རོ།དེ་ཡང་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་དབུ་མ་རྒྱན་གྱི་ཟིན་བྲིས་ལས།ཆོས་དེ་མེད་པའི་དུས་ན་མེད་པས་དུས་རེས་འགའ་བ་ཡིན་ཀྱང་མི་རྟག་པར་མི་འགྱུར་ཏེ།དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར་ཞེས་དང༌།ཡང་དེ་ཉིད་ལས།དེས་ན་བུམ་པ་ལྟ་བུ་དགག་བྱ་དེ་མེད་པའི་ཚེ།དེ་མེད་པའི་མེད་དགག་དངོས་མེད་ཡོད་པར་འཇོག་པ་དང༌།མྱུ་གུ་ས་བོན་གྱིས་བསྐྱེད་པའི་ཚེ།ཡོད་པ་ལྟ་བུ་དང་ཡོད་ཚུལ་མི་མཚུངས་ཏེ།སྔ་མའི་ཡོད་པར་འཇོག་པ་ནི་རང་གི་ངོ་བོའི་སྒོ་ནས་མིན་གྱི་བུམ་པ་ལྟ་བུ་འདི་འདྲ་བ་གཅིག་མེད་པས་ཞེས་དགག་བྱ་བཅད་ལྡོག་ནས་འཇོག་པ་མིན་པ་རང་གི་ངོ་བོ་སྒོ་ནས་བཞག་ཏུ་མེད་པའི་ཕྱིར།ཞེས་མེད་དགག་འདུས་མ་བྱས་བཞག་ཚུལ་ཤིན་ཏུ་གསལ་བར་གསུངས་པ་ལས་རྟོགས་སོ།ཡང་ཐལ་འགྱུར་བའི་ལུགས་ལ་འགོག་བདེན་དོན་དམ་བདེན་པ་འཇོག་པ་ནི་དེ་སྟོང་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ།དེ་ལྟར་མིན་ན་ཐལ་འགྱུར་བའི་ལུགས་ལ་འགོག་བདེན་དོན་དམ་བདེན་པ་ཡིན་ལ་རང་རྒྱུད་པའི་ལུགས་ལ་དེ་ལྟར་མིན་པའི་རྒྱུ་མཚན་གང་ཡང་མེད་པས་སོ་སྙམ་པ་ནི།ཐལ་རང་གཉིས་ཀྱི་གྲུབ་མཐའི་རྣམ་བཞག་མ་ཆགས་པའི་དབང་གིས་ཡིན་ཏེ།ལུགས་དེ་གཉིས་ལ་འགོག་བདེན་དོན་དམ་བདེན་པ་འཇོག་མི་འཇོག་གི་ཁྱད་པར་ནི་སྟོང་ཉིད་ཡིན་མིན་གྱི་སྒོ་ནས་མ་ཡིན་ལ།འོ་ན་གང་ཡིན་ནམ་ཞེ་ན།རང་རྒྱུད་པ་རྣམས་ཀྱི་བཏགས་ཡོད་ཀྱི་ཆོས་རྣམས་རང་སྐྱ་ཐུབ་པའི་རྫས་ཡཽད་ཀྱི་གདགས་གཞི་ལ་བརྟེན་ནས་འཇོག་དགོས་པ་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་གསུངས་པས་ལུགས་འདི་ལ་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱིས་རྫས་ཡོད་ཀྱི་དངོས་པོ་ཡུལ་དུ་བྱབབབཡཡཡ་ར་མེད་དེ་མེད་པས་བཏགས་ཡོད་ཀྱི་ཆོས་འགོག་བདེན་ཡུལ་དུ་བབཡཡཡབྱེད་པའི་ཐབས་མེད་པའི་རྒྱུ་མཚན་གྱིས་ཡིན་ལ།འོ་ན་རང་རྒྱུད་པའི་ལུགས་ལ་སྟོང་ཉིད་དེ་རྫས་བཏགས་གང་དུ་འཇོག་གམ་ཞེ་ན།དེ་ནི་ཡུལ་གྱི་གནས་ལུགས་ངོ་མའམ་

 

 

མཐར་ཐུག་པ་དེ་ཡིན་པ་དང༌།ཡུལ་ལ་བདེན་རྫུན་གཉིས་སུ་ཕྱེ་བའི་བདེན་པ་དེ་ཡིན་པའི་ཕྱིར་རྫས་ཡོད་ཡིན་ཞེས་སྨྲ་བར་སྤོབས་སོ།ཡང་ལུགས་འདི་ལ་སྟོང་ཉིད་རྫས་ཡོད་དུ་འདོད་པ་མི་འཐད་དེ།རང་ཉིད་ངོས་བཟུང་བ་ལ་ཆོས་གཞན་ངོས་བཟུང་བ་ལ་ལྟོས་པའི་ཕྱིར་ཏེ།རང་ཉིད་ངོས་བཟུང་བ་ལ་སྟོང་གཞི་ཆོས་ཅན་ངོས་བཟུང་བ་ལ་ལྟོས་པའི་ཕྱིར་ཞེ་ན།ཡིད་ཀྱི་རྣམ་ཤེས་པ་ལ་སོགས་པའི་ཆོས་ཉུང་ཤས་ཤིག་མ་གཏོགས་རྫས་ཡོད་ཀྱི་ཆོས་ཕལ་ཆེ་བ་བཏགས་ཡོད་དུ་ཐལ་བ་དང༌།སྟོང་པ་ཉིད་ཀྱི་སྟོང་པ་ཉིད་མི་འདོད་བཞིན་དུ་རྫས་ཡོད་དུ་ཁས་ལེན་དགོས་པ་དང༌།བབྱང་སེམས་མཐོང་ལམ་རྣམ་འགྲོལ་ལམ་པ་བ་དེས་ཇི་སྙེད་པའི་ཆོས་ཐམས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་རྟོགས་པས་ཇི་སྙེད་ཀུན་རྫོབ་པའི་ཆོས་ཐམས་ཅད་ངོས་བཟུང་བའི་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་སྙམ།ཐལ་འགྱུར་བའི་ལུགས་ལ་ནི།ཡོད་ཚད་ཐམས་ཅད་བཏགས་ཡོད་ཡིན་པས་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱིས་འགོག་བདེན་མཐོང་བ་ལ་གནོད་བ྄བེབབཡཡད་མེད་ཅིང་སྒྲུབ་བབཡཡེད་དང་ལྡན་པས་རེད།འོ་ན་རྗེ་བདག་ཉིད་ཆེན་པོས་དྲི་མ་མེད་པའི་སེམས་རྣམ་གྲོལ་ལམ་གྱི་སྟོང་ཉིད་ལ་འགོག་བདེན་ཡིན་དགོས་པ་ལན་དུ་མར་གསུངས་པ་མ་ཡིན་ནམ་ཞེས་གཡུལ་སར་སླེབས་པའི་དམག་ཕྲུག་ལྟར་ཚབ་ཚུབ་བྱས་ནས་སྨྲ་དགོས་པ་མ་ཡིན་ཏེ།དྲི་བཅས་སེམས་ཀྱི་ཆོས་ཉིད་དེ་དྲི་མ་དང་བཅས་ཞེས་པའི་དྲི་མ་ནི་སེམས་ཀྱི་དྲི་མ་ལས་ལོགས་སུ་མེད་པས་ཆོས་ཅན་སེམས་དྲི་མས་ཇི་ལྟར་དག་པ་དེ་ལྟར་དེའི་ཆོས་ཉིད་ཀྱང་དྲི་མ་དེས་དག་དགོས་ལ།དེས་ན་དྲི་མས་དག་པའི་སེམས་ཀྱི་ཆོས་ཉིད་དེ་ལ་འགོག་པའི་བདེན་པ་ཞེས་ཐ་སྙད་མཛད་པ་ཙམ་ལས་འགོག་བདེན་ལ་སྟོང་ཉིད་ཀྱིས་ཁྱབ་ཅེས་པ་ནི་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའིགསུངས་གང་ལས་ཀྱང་་མི་གསལ་བ་མ་ཟད།དེ་ཉིད་ཀྱིས་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།ཁ་ཅིག་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང༌།གཞན་དག་བཟློག་སྟེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟགས་པ་སྟེ་ཞེས་དང༌།ཡང་དེ་ཉིད་ལས།བུམ་པས་དབེན་པའི་ས་ཕྱོགས་དང་དེའི་སྟེང་དུ་བུམ་པ་བཀག་ཆ་གཉིས་ཀ་བུམ་མེད་ཡིན་པ་ལྟར།འཕགས་རྒྱུད་ཀྱི་དེ་བཞིན་ཉིད་དང་དེའི་སྟེང་དུ་ལམ་གྱིས་སྤང་བ྄་བཀག་ཆ་གཉིས་ཀའང་འགོག་བདེན་ཡིན་ཏེ།དེ་ནི་འདས་ལམ་གྱིས་སྤང་བཡཡ྄་སྤངས་པའི་འདུས་མ་བྱས་ཡིན་པས་སོ།ཞེས་ཚད་དང་ལྡན་པའི་རྡོ་རྗེའི་བཀའ་ལུང་འདི་ལྟ་བུའི་རྗེས་སུ་འབྲང་སྟེ་དེ་དེ་བཞིན་ནོ་ཞེས་བརྗོད་པ་ལ་གཞན་དང་གཞན་དུ་འཆད་པར་མཁས་པའིཚིག་ཉམས་མཐོན་པོ་ཞིག་མ་ཐཽན་ཡང་དོན་གྱི་སྙིང་པོ་ལ་ཕམ་ཁ་ཁུར་དགོས་པ་ཞིག་མ་ཡིན་ནོ་སྙམ།དེས་ན་ཡབ་རྗེ་བླ་མ་ཙོང་པ་ཆེན་པཽས་དྲི་མ་མེད་པའི་སེམས་རྣམ་གྲོལ་ལམ་གྱི་ཆོས་ཉིད་ལ་བཏགས་པའི་དགོས་པ་དང༌།འདོགས་པའི་རྒྱུ་མཚན།དངོས་ལ་གནོད་བབཡབཡཻེབ྄་གསུམ་ཚང་བའི་སྒོ་ནས་འགོག་པའི་བདེན་པ་ཞེས་པའི་ཐ་སྙད་མཛད་པ་ཡིན་ལ།དེ་ཡང་དང་པོ་བཏགས་པའི་དགོས་པ་ན།དེ་འདྲ་བའི་ཆོས་ཉིད་དེ་དྲི་མ་མེད་པའི་སེམས་རྣམ་གྲོལ་སྟེང་གི་འགོག་བདེན་དང་འདྲ་བར་དྲི་མེད་སེམས་ཀྱི་ཡོན་ཏན་ཡིན་པ་དང༌།གནས་གྱུར་མཐར་ཕྱིན་པ་ན་འདུས་མ་བྱས་ཀྱི་སྐུར་གྱུར་བ་མཚུངས་པར་ཤེས་པའི་ཆེད་དུ་དང༌།འདོགས་པའི་རྒྱུ་མཚན་ནི།རྩ་བ་ཤེས་རབ་ལས།མ་སྐྱེས་པ་དང་མ་འགག་པ།།ཆོས་ཉིད་མྱ་ངན་འདས་དང་མཚུངས།།ཞེས་གསུངས་པ་ལྟར།དེ་འདྲ་བའི་ཆོས་ཉིད་དེ་དང་དྲི་མ་མེད་པའི་སེམས་རྣམ་གྲོལ་ལམ་སྟེང་གི་འགོག་པའི་བདེན་པ་གཉིས་པོ་དེ་མཉམ་གཞག་དེའི་ངོ་ན་དང་ངོ་བོ་དབྱབབབཡཡེར་མེད་པའམ་ཤིན་ཏུ་ནས་འདྲ་ཆེ་བའི་རྒྱུ་མཚན་གྱིས་ཡིན་ལ།དེ་ལྟར་མིན་ན་དུས་གཅིག་ཏུ་སྟོང་གཞི་ཆོས་ཅན་དང་དེ་ཉིད་བདེན་མེད་ཡིན་པ་མངོན་སུམ་དུ་རྟོགས་པ་སློབ་ལམ་ན་བཞག་དཀའ་བའི་ཕྱིར།དངོས་ལ་གནོད་བབབཡཡབྱེད་ཡོད་དེ།དེ་འདྲ་བའི་སྟོང་ཉིད་དེ་རང་བཞིན་ཁྱད་པར་གསུམ་དང་ལྡན་པ་ཡིན་པས་བྲལ་བའི་འབྲས་བུ་འགོག་བདེན་ཡིན་པ་གཏན་ནས་མི་རིགས་པ་བཅས་རེད།དེ་བཞིན་འཕགས་ཡུལ་གྱི་དབུ་སེམས་ཀྱི་སློབ་དཔོན་ཕལ་ཆེ་བས་དྲི་མེད་སེམས་ཀྱི་ཆོས་ཉིད་ལ་འགོག་བདེན་ནམ་མྱང་འདས་ཞེས་པའི་ཐ་སྙད་མཛད་ཀྱི་ཡོད།འོན་ཀྱང་དེ་དག་མྱང་འདས་དང་འགོག་བདེན་དངོས་མིན་པའི་ཁུངས་ལུང་ནི་འོག་ཏུ་རང་ལུགས་འཇོག་པའི་སྐབས་སུ་འཆད་འགྱུར་གྱི་ལུང་རིགས་དེ་དག་གིས་འཐུས་པས་འདིར་ཡིག་ཚོགས་སྤྲོ་བའི་ངལ་བ་མི་དགོས་སོ་སྙམ།འོ་ན་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་དེ་བཞིན་ཉིད་དང་འགོག་བདེན་རྣམ་པ་ཐམས་ཅད་དུ་འགལ་བ་ཡིན་པ་དངོས་སུ་གསུངས་པས་དེ་འདྲ་བའི་ཆོས་ཉིད་ལ་འགོག་བདེན་ཞེས་པའི་ཐ་སྙད་མི་མཛད་རྒྱུ་མཚན་གང་ཡིན་ནམ་ཞེ་ན།སྐྱོན་མེད་དེ།འཕགས་པ་རྣམ་གྲོལ་སྡེས་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ལ་ཡེ་ཤེས་ཆོས་སྐུའི་ཐ་སྙད་མ་མཛད་ཀྱང་ཡེ་ཤེས་ཆོས་སྐུའི་དོན་ཆ་ཚང་བར་བཞེད་པས་ཡེ་ཤེས་ཆོས་སྐུ་མེད་པར་ལྟ་བའི་སྐྱོན་མི་འབྱུང་བ་བཞིན།པཎ་ཆེན་བླ་མས་ཀྱང༌།ཆོས་ཅན་དྲི་བཅས་ཀྱི་སེམས་དྲི་མས་ཇེ་དག་ཏུ་སོང་བ་ན།དེའི་ཆོས་ཉིད་ཀྱང་དྲི་མས་ཇེ་དག་ཏུ་འགྲོ་ཞིང་གནས་གྱུར་མཐར་ཕྱིན་འཐོབ་པ་ན་རང་བཞིན་རྣམ་དག་གི་ཆར་གྱུར་བའི་ངོ་བོ་ཉིད་སྐུར་གྱུར་བ་ཞལ་གྱིས་བཞེས་པས་དེ་ལ་འགོག་བདེན་གྱི་ཐ་སྙད་མ་མཛད་ཀྱང་སྐྱོན་གང་ཡང་མི་འབྱུང་བའི་ཕྱིར་རོ་སྙམ།ཁོ་བོས་སྡོམ་ཚིག་རྒྱག་ནས་སྨྲ་འདོད་པ་ནི་དྲི་མེད་སེམས་ཀྱི་ཆོས་ཉིད་དེ་ལ་འགོག་བདེན་ཞེས་པའི་ཐ་སྙད་བཏགས་མ་བཏགས་ལ་འགལ་བ་མེད་ཀྱང་དོན་ལ་འགོག་བདེན་ཡིན་མིན་ལ་འགལ་བ་ཡོད་པར་འདོད་ཀྱི་ཡོད།སྤྱིར་ནི་ཐ་སྙད་འདོགས་སྟངས་མི་འདྲ་བ་ལ་བརྟེན་ནས་དོན་ལ་ཡིན་མིན་གྱི་ཐག་ཆོད་བ྄བརེད་རྒྱུ་ནི་དཀའ་བའི་གནས་སུ་འདུག་པས་ཁོ་བོས་འོག་ཏུ་དོགས་གཅོད་ཉུང་ངུ་ཞིག་ཞུ་བར་འདོད།གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་ཐལ་འགྱུར་བའི་ལུགས་ལ་འགོག་བདེན་དོན་དམ་

 

བདེན་པ་ཡིན་ཀྱང་ཆོས་ཉིད་མིན་ཞེས་པ་འདི་ལ་རྒྱབ་རྟེན་གྱི་ལུང་ཡོད་ལ།སྒྲུབ་བྱེད་ཀྱི་རིགས་པ་ཡང་ཡོད།དེ་ཡང་དང་པོ་མདོ་ལས༌།སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ནི་བློ་གྲོས་ཕྱོགས་གཅིག་ཅན།།བློ་མི་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས།ཞེས་དང༌།ཆོས་དབྱིངས་བསྟོད་པ་ལས།ཇི་ལྟར་ཟླ་བ་ཚེས་པ་ལ།།ཟླ་བ་ཅུང་ཟད་གསལ་བར་སྣང༌།དེ་བཞིན་མོས་པའི་ས་ལ་ཡང༌།།ཆོས་ཀྱི་སྐུ་ཡང་ཅུང་ཟད་སྣང༌།།ཞེས་དང༌།ཡང་དེ་ཉིད་ལས།ཇི་ལྟར་ཟླ་བ་ཕྲ་མོ་ནི།ཉིན་དང་ཉིན་ལ་འཕེལ་བར་མཐོང༌།དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌།རིམ་གྱི་རིམ་གྱི་འཕེལ་བར་མཐོང༌།ཇི་ལྟར་ཡར་ངོས་བཅོ་ལྔ་ལ།ཟླ་བ་རྫོགས་པར་འགྱུར་བ་ལྟར།དེ་བཞིན་ས་ཡི་མཐར་ཐུག་ན།ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ།ཞེས་དང༌།ཡང་མདོ་ལས།ཇི་ལྟར་བར་སྣང་བར྄་རྗེས་མཁས་རྣམས་ཀྱིས།།བརྗོད་པ་ནུས་མ་ཡིན་ཞིང་མི་མཐོང་ལྟར།།དེ་བཞིན་རྒྱལ་སྲས་ཀྱི་ས་ཀུན་ཡང༌།།བརྗོད་མི་ནུས་ན་མཉན་པར་ག་ལ་ནུས།།ཞེས་དང༌།རྒྱུད་བླ་དར་ཊིག་ལས།བྱབང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་མཉམ་རྗེས་རེས་འཇོག་ཏུ་མཐོང་བས་དུས་ཅུང་ཟད་མཐོང་བའི་དོན་ཡིན་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་ཚུལ་མཐོང་རྒྱ་ཆེ་ཆུང་ལ་འདོད་པ་ནི།རྣམ་བཞག་མ་ཆགས་པའི་གཏམ་མོ།ཞེས་དང༌།རྒྱུད་བླ་མའི་བཀའ་འགྲེལ་གནད་ཀྱི་ཟླ་འོད་ལས།བྱབང་ཆུབ་སེམས་དཔའི་ས་བཅུའི་སྐབས་སུ་སྤང་བྱབ་ཅི་རིགས་དང་བྲལ་བའི་འགོག་བདེན་ཅུང་ཟད་མངོན་སུམ་དུ་མཐོང་གི་བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་མཐར་ཐུག་མངོན་སུམ་དུ་མ་རྟོགས་པའི་དོན་དུ་བ྄བདགོས་སོ།ཞེས་བཅུའི་མཉམ་གཞག་ཡེ་ཤེས་ལ་ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་ཀྱང༌།ཆོས་སྐུ་མཐོང་བ་ལ་ཁྱད་པར་ཡོད་པ་གསུངས་པས་འགོག་བདེན་ཆོས་ཉིད་ཡིན་ན་རྣམ་གཞག་དེ་གཏན་ནས་མི་རུང་བ་མ་ཟད་རིགས་ལམ་ལས་འདས་པའི་ཐལ་བ་དུ་མ་འབྱུང་བ་ངེས་ཏེ།བ྄བྱཡབབབྱེབྲག་སྨྲ་བ་ལྟར་ལུགས་འདིར་ཡང་ཟད་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་རྣམ་བཞག་བབབཡཻད་པ་ཁས་ལེན་དགོས་པར་ཐལ་བ་དང༌།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་མོས་རྣམ་འགྲོལ་ལམ་ཐམས་ཅད་བདེན་མེད་དུ་རྟོགས་པས་འགོག་བདེན་ཐམས་ཅད་རྟོགས་པའི་ཐལ་བ་དང༌།མཐོང་ལམ་བར་ཆད་མེད་ལམ་གྱིས་ཀྱང་འགོག་བདེན་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཐལ་བ་དང༌།གལ་ཏེ་མ་རྟོགས་ན་མཐོང་ལམ་བར་ཆད་མེད་ལམ་གྱིས་རྣམ་གྲོལ་ལམ་ཐམས་ཅད་བདེན་མེད་དུ་མ་རྟོགས་པའི་ཐལ་བ་དང༌།མཐོང་ལམ་རྣམ་འགྲོལ་ལམ་ཡང་དེ་བཞིན་དུ་མཚུངས་པའི་ཐལ་བ་དང༌།སྟོང་ཉིད་ཀྱི་དགག་བྱ་ཤེས་བྱ་ལ་སྲིད་པས་རང་ལུགས་ཀྱི་ལྟ་བ་དང་གཞན་སྟོང་གི་གཞི་མཐུན་ཡོད་པར་ཐལ་བ་
དང༌།ཉན་རང་འཕགས་པས་མྱང་འདས་མངོན་དུ་བྱས་ཚུལ་དེ་ཆོས་ཉིད་མངོན་དུ་བྱས་ཚུལ་ལས་ལོགས་སུ་མེད་པས་དེ་ཉིད་སངས་རྒྱས་སུ་ཐལ་བ་དང༌།གཉེན་པོ་སྟོབས་བཞིའི་སྟོབས་ཀྱིས་སྡིག་པ་དག་པའི་དག་ཆ་དེ་ཡང་སྟོང་ཉིད་དུ་ཐལ་བ་དང༌།སོ་སོར་བརྟགས་མིན་འགོག་པ་དེ་ཡང་སྟོང་ཉིད་ཡིན་དགོས་པས་སོ་སོར་བརྟགས་འགོག་དང་ཁྱད་མེད་དུ་ཐལ་བ་དང༌།ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་གྱི་སྟེང་གི་ཆོས་ཉིད་དེ་མཐོང་སྤོང་སྤངས་པའི་འགོག་བདེན་དུ་ཐལ་བ་དང༌།གལ་ཏེ་དེ་ལྟར་ཡིན་ན་བྲལ་ཐོབ་འཛིན་པའི་བར་ཆད་མེད་ལམ་ཡོད་པར་ཐལ་བ་དང༌།ཡང་དེ་ལྟར་མིན་ན་དེའི་རྒྱུད་ལ་མཐོང་སྤོང་སྤངས་པའི་འགོག་བདེན་མེད་པར་ཐལ་བ་དང༌།མཐོང་ལམ་རྣམ་གྲོལ་ལམ་པ་བའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་དེ་འགོག་བདེན་ཡིན་ན་ཐོག་མ་མེད་པ་ནས་བརྒྱུད་དེ་འོང་བ་བྱར་མེད་པས་དེ་རང་བཞིན་གནས་རིགས་མ་ཡིན་པའི་ཐལ་བ་དང༌།གལ་ཏེ་དེ་འདྲ་བའི་ཆོས་ཉིད་དེ་འགོག་བདེན་དང་རང་བཞིན་གནས་རིགས་ཀྱི་གཞི་མཐུན་ཡིན་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བའི་ཐལ་བ་དང༌།འཁོར་བའི་ཕྱི་མཐའ་དེ་ཡང་སྟོང་ཉིད་ཡིན་པའི་ཐལ་བ་དང༌།རྫོགས་པའི་སངས་རྒྱས་ཀྱི་ས་ན་འདུས་མ་བྱབབཡཡས་ཀྱི་སྐུ་གཉིས་དེ་ལྡོག་པ་ཐ་དད་ཙམ་ལས་དོན་ལ་གཅིག་ཏུ་གྱུར་བས་སྐུ་བཞིའི་རྣམ་བཞག་འཇོག་དཀའ་བའི་ཐལ་བ་དང༌།མདོ་ལས་ཆོས་ཀྱི་སྡོམ་བཞི་བསྟན་པའི་སྐབས་སུ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།མྱ་ངན་ལས་འདས་པ་ཞི་ཞིང་དགེ་བ།ཞེས་བདག་མེད་དང་མྱང་འདས་གཉིས་སོ་སོར་ཕྱེ་སྟེ་སྟོན་པ་ལ་དགོས་པ་ཆེར་མེད་པར་ཐལ་བ་དང༌།འཁོར་ལྔ་སྡེ་བཟང་པོའི་རྒྱུད་ལ་མཐོང་ལམ་སྐྱེ་བ་ན་ལྔ་སྡེས་བདག་ཅག་སྟོན་པའི་རྒྱུད་ཀྱི་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མངོན་སུམ་དུ་རྟོགས་པས་ལྔ་སྡེ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པས་སངས་འཕགས་སུ་ཐལ་བ་བཅས་སོ།དེ་ལྟར་མིན་ན་རྒྱུད་བླའི་བཀའ་འགྲེལ་ལས།
སངས་རྒྱས་འབའ་ཞིག་གིས་མངོན་སུམ་དུ་རྟོགས་པ་མི་མཉམ་པའི་ཡོན་ཏན་ཞེས་པ་དང་འགལ་བའི་ཐལ་བ་དང༌།གཞན་ཡང་མངོན་རྟོགས་རྒྱན་ལས།འདི་ལ་བསལ་བྱ་ཅི་ཡང་མེད།།ཅེས་དང༌།རྒྱུད་བླ་མ་ལས།དེ་ནི་གདོད་ནས་ཟད་པའི་ཟད་ཅེས་བྱ།།ཞེས་དང༌།ཉོན་མོངས་གདོད་ནས་ཟད་ཕྱིར་རོ།།འཇུག་པའི་ཊིག་ཆེན་ལས།དག་མ་དག་གི་ཆོས་ཅན་སྤྱི་ལ་ཁྱབ་པའི་ཆོས་ཉིད་ཀྱི་དབང་དུ་བྱབས་ནི་བདག་གཉིས་བཀག་པ་ལྟ་བུའ་དགག་བ་ཤེས་བྱབབབབ་ལ་མི་སྲིད་པ་ཙམ་བཀག་པ་ལ་བྱབེད།ཞེས་སོགས་ཚད་ལྡན་གྱི་ལུང་མཐའ་ཡས་པ་དང་འགལ་བ་དང༌།གཞན་ཡང་རྣམ་གྲོལ་ལམ་གྱི་ཆོས་ཉིད་དེ་འགོག་བདེན་ཡིན་ན་དེ་སྟོང་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ།དེ་རང་བཞིན་ཁྱད་པར་གསུམ་ལྡན་དུ་ཁས་ལེན་དུ་མེད་པའི་ཕྱིར་ཏེ།དེ་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཕྱིར་ཏེ།རྩ་ཤེས་རྣམ་བཤད་ལས།དེ་ཡང་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ན་བྲལ་འབྲས་མ་གཏོགས་པ་རྣམས་དངོས་པོ་ལ་བྱ་དགོས་ལ་དེ་མིན་པའི་རྟེན་འབྱུང་རྣམས་ནི་ཆོས་གཞན་ལ་བརྟེན་ནས་འབྱུང་བ་ཡིན་ཡང་ལྟོས་ས་དེ་དེའི་རྒྱུ་རྐྱེན་མིན་ནོ།ཞེས་གསུངས་པའི་ཕྱིར་དང༌།དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌།ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག་ཡིན།མིག་སོགས་འདི་དག་གི་བཅོས་མ་མ་ཡིན་པ་དང༌།སྐྱེ་བྱེད་གཞན་ལ་ལྟོས་པ་མེད་སྟེ།ཞེས་གསུངས་པ་དང༌།གཞན་ཡང་རྩ་བ་ཤེས་རབ་ལས།རང་བཞིན་རྒྱུ་དང་རྐྱེན་དག་ལས།།འབྱུང་བ་རིགས་པ་མ་ཡིན་ནོ།།ཞེས་དང༌།རང་

 

བཞིན་དག་ནི་བཅོས་མིན་དང༌།།གཞན་ལ་ལྟོས་པ་མེད་པ་ཡིན།།
ཞེས་གསུངས་པ་དང༌།ཡང་རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་ལས།གློ་བུར་དྲི་བྲལ་གྱི་མྱང་འདས་ནི་སྐྱེ་འཆིའི་རྒྱུན་གྱི་འཁོར་བར་འཁོར་བ་ཆད་པ་ལས་ཐོབ་དགོས་པས་རང་བཞིན་མེད་པ་ཡིན་ཡང༌།རྐྱེན་རྣམས་རྒྱུན་ནི་མ་ཆད་ན་འཁོར་བར་མ་ཟད་སྒྱུ་མའང་ལྡོག་པར་མི་འགྱུར་གྱི་མ་རིག་པ་ལ་སོགས་པའི་རྐྱེན་རྣམས་རྒྱུན་ནི་ཆད་པ་ན་འཁོར་བའམ་ཀུན་རྫོབ་ཏུའང་མི་འབྱུང་ངོ༌།ཞེས་སོགས་འགོག་བདེན་ཆོས་ཉིད་མིན་པའི་སྒྲུབ་བྱེད་ཀྱི་ལུང་རིགས་མཐའ་ཡས་པའི་ཕྱིར།སྤྱིར་འཇིག་རྟེན་གྱི་ཁམས་འདིར་འུར་སྒྲ་ཆེ་ཤོས་ཤིག་ཡོད་པ་ནི།འགོག་བདེན་སྟོང་ཉིད་ཡིན་མིན་གྱི་རྩོད་པ་འདི་རེད།རྩོད་པ་འདིའི་གཞི་རྩ་ངོ་མ་དེ་གང་ཡིན་མཐར་གཏུགས་ཏེ་བཙལ་བ་ན་དྲི་མ་མེད་པའི་སེམས་རྣམ་འགྲོལ་ལམ་དག་གི་ཆོས་ཉིད་རྣམས་ལ་འགོག་པའི་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་དང་མ་བཏགས་པ་ཁོ་ནར་ཐུག་འདུགདེར་བརྟེན་རྩོད་པ་འདི་ཐ་སྙད་ཙམ་གྱི་རྩོད་པ་ཟིང་ཆེ་ཤོས་ཤིག་ཡིན་པ་ལས།སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཡོད་མེད་ཀྱི་རྩོད་པ་ལྟ་བུ་དོན་ལ་འགལ་འདུ་ཡོད་པ་ཞིག་གཏན་ནས་རེད་མི་འདུགདཔེར་ན།རྩི་ཤིང་དང་ནགས་ཚལ་རྣམས་ཚན་རིག་པ་ཚོས་སྲོག་ཆགས་སུ་འདོད་པ་ལ།དེ་ལ་ནང་པ་ཚོས་དེ་དག་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་ཡོད་པར་ཐལ།སྲོག་ཆགས་ཡིན་པའི་ཕྱིར།ཞེས་རྩོད་པ་བྱ་ས་གང་ཡང་མེད།ཁོ་ཚོའི་ལུགས་ལ་སྲོག་ཆགས་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་ཞིག་ཡོད་མི་དགོས་ལ།བདེ་སྡུག་བླང་དོར་སོགས་ཀྱི་འདུ་ཤེས་ཀྱང་ཡོད་དེ་བས་ཡོད་མི་དགོས།འོ་ན་གང་ཞིག་ཡིན་ནམ་ཞེ་ན།འཇིག་རྟེན་ཡོངས་གྲགས་ལ་སྐྱེ་ཞིང་འཕེལ་འགྲིབ་བྱེད་པ་མཐོང་ཆོས་སུ་ཡོད་པ་ཞིག་ཡིན་ན་སྲོག་ཆགས་དེ་གས་འཐུས་པ་ཡིན།དེ་བཞིན་ཡུལ་ལ་ལ་དག་ན་མིག་ལ་རྣ་བ་དང་རྣ་བ་ལ་མིག་ཅེས་འབོད་པ་སོགས་མདོར་ན་ཐ་སྙད་བཏགས་མ་བཏགས་དང་མཐུན་མ་མཐུན་གྱི་ཁྱད་པར་ཤྀན་ཏུ་ཆེ་ན་ཡང་དོན་ལ་ཡུལ་དེ་གཉིས་ཀྱིས་འདོད་པའི་མིག་རྣ་གཉིས་དོན་གཅིག་ཏུ་སོང་བ་ཡིན་པས་དོན་ལ་འགལ་བ་གང་ཡང་མེད་པར་སེམས་སོ།འོ་ན་མིག་རྣ་གཉིས་དོན་གཅིག་ཏུ་བྱར་མེད་པས་མིག་དངོས་གནས་པ་དེ་སུ་ཞིག་གི་དབང་དུ་བྱས་ནས་འཇོག་དགོས་སམ་སྙམ་པ་ནི་ཏན་ཏན་སྲིད་མོད།དེ་ནི་རང་རང་གི་སྐབས་ཀྱི་འཇོག་ཚུལ་གང་ཡིན་པ་དེ་ཉིད་སོ་སོའི་སྐབས་སུ་འཐད་ཕྱོགས་སུ་ངོས་འཛིན་རྒྱུ་ལས་མི་མང་དང་ཁ་མང་ལ་གཙོ་བོར་བརྟེན་པའམ་ཡང་ན་རིགས་ལམ་ལ་བརྟེན་ནས་བདེན་རྫུན་གྱི་ཐག་ཆོད་ནམ་ཡང་བྱ་མི་ཐུབ་པ་ཡིན།དཔེར་ན་འོ་ཅག་ཚོས་ཁྱེད་དག་གིས་འདོད་པའི་མིག་དེ་མིག་མ་ཡིན་ཏེ་གཟུགས་ཀྱི་སྐྱེ་མཆེད་མཐོང་བའི་བྱ་བ་མི་བྱེད་པའི་ཕྱིར་ཅེས་པ་ནི་ཕ་རོལ་པོའི་གང་ཟག་དེ་ལ་ལྟོས་ཏེ་ཁྱབ་ལོག་ཡང་དག་པ་ཞིག་བསྒྲགས་པ་ལས་དོན་ལ་གནོད་བྱེད་གང་ཡང་མ་སོང་ལ།ཚུར་ལ་ཡང་དེ་དང་འདྲ་བར་རིགས་པའི་མགོ་ཡོངས་སུ་མཚུངས་པ་སྨྲོས་ཅི་ཞིག་དགོས།དེས་ན་ཁྱེད་ཅག་གིས་དེ་མ་ཡིན་ལ་དེར་བཏགས་པས་དེ་ལ་བཏགས་པའི་དགོས་པ༌།འདོགས་པའི་རྒྱུ་མཚན།དངོས་ལ་གནོད་བྱེད་གསུམ་ཚང་བའི་སྒོ་ནས་ཆོས་དེ་བཏགས་པ་བ་དང༌།ཡང་ན་ལོག་པ་འབའ་ཞིག་ཡིན་པ་སོགས་གང་ཡང་ང་ཚོས་དུས་ནམ་ཡང་བསྒྲུབ་མི་ནུས་ལ།ཚུར་ལ་ཡང་རྣམ་པ་ཀུན་ཏུ་མཚུངས་སོ་སྙམ།དེར་བརྟེན་ཐ་སྙད་ལ་བརྟེན་ནས་དོན་ལ་འགལ་འདུ་ཡོད་མེད་སོགས་དོན་གྱི་རྣམ་གྲངས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་དཔྱད་རྒྱུ་སྣང་བས།དེ་ཡང༌།ཐ་སྙད་གདགས་པར་མ་མཛད་ན།།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་བས་རྨོངས་པ་བསལ་བའི་ཕྱིར།།མགོན་པོས་མིང་ནི་གདགས་པར་མཛོད།།ཅེས་པ་འདི་ཉིད་གདམས་ངག་ཏུ་བཟུང་ཏེ་དོན་གང་ཞིག་ལ་དཔྱོད་པའི་ཐོག་མར་དེའི་མིང་ངམ་ཐ་སྙད་ལ་དཔྱད་པ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བ་ནི།ཚིག་གི་འཁར་བ་ལ་བརྟེན་ནས།།དོན་གྱི་རྒས་པོ་སློང་བར་བྱ།།ཞེས་པའི་མན་ངག་འདིའི་རིན་ཐང་ཞིག་རེད་འདུག་སྙམ།ད་ནི་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་མ་བཅོས་སེམས་ཀྱི་རང་མདངས་ལ་གདབ་པའི་གཏམ་ཚངས་པ་ལྷ་ཡི་ཐིག་ཤིང་འདི་ནི་རང་གི་བློ་ངོར་འཆར་ཚོད་ཙམ་གྱི་རྟགས་བསལ་ཁྱབ་ཐལ་ཁ་ཤས་ཤིག་ཕྲག་ལ་དོག་པའི་ཚུལ་མིན་གྱི་རྣམ་རྟོག་རྒྱང་དུ་བསྲིངས་ཏེ་སྣང་བ་སྐྱིད་པོའི་ངང་ནས་རྩེད་མོའམ་ཀྱལ་ཀའི་ཚུལ་དུ་ཕུལ་བ་ཡིན་པས་མཁས་བཙུན་བཟང་གསུམ་གྱིས་རྒྱུད་ཕྱུག་པའི་རྒན་མཆོག་གི་ཟབ་ཡངས་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་དགྱེས་ཕྱིར་སྒྲུབ་པའི་མཆོད་པ་རུ་འགྲོ་བའི་རེ་བ་ཧ་ཅང་གི་ཆེན་པོ་ཡོད།འོན་ཀྱང་མཁས་པ་ཆེན་པོའི་གསུངས་ལ་ཟུར་ཟ་དང༌།དོན་དངོས་སམ་གཞུང་དོན་དང་མི་མཐུན་པའི་ཉེས་བཤད་ཅི་ཞིག་བགྱིས་པ་ཐམས་ཅད་རང་ཉིད་ཁོ་ནའི་ནོར་འཁྲུལ་འབའ་ཞིག་ཡིན་པས་སྐྱབས་གནས་ཀུན་འདུས་ངོ་བོ་དྲིན་ཆེན་བླ་མ་རྣམས་དང༌།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱབབཡཡང་ཆུབ་སེམས་དཔའ་དང༌།དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མི་འཆབ་སྙིང་ནས་འགྱོད་པ་དང་བཅས་ཏེ་ཨུ་ཧུ་ལགས་ཀྱི་སྒོ་ནས་བཤགས་པ་ཕུལ་ཟིན་པ་ཡིན།འདིར་འབད་རྣམ་དཀར་དགེ་བའི་ཆ་མཆིས་ན།རྟེན་འབྲེལ་བསྟོད་པ་ལ་ལས།རྟེན་ནས་འབྱུང་བ་དེ་ཉིད་གསལ་མཛད་པ།།ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ།།ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།།སྐད་ཅིག་ཙམ་ཡང་ལྷོད་པ་མ་གྱུར་ཅིག།ཅེས་དང༌།རྟོགས་བརྗོད་མདུན་ལེགས་མ་ལས།རྒྱལ་སྲས་སྨོན་ལམ་གངྒའི་ཀླུང་རྣམས་ནི།།དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར།།གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི།།ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོ།།ཅེས་དང༌།སྤྱོད་འཇུག་ལས།ཇི་སྲིད་ནམ་མཁའ་གནས་པ་དང༌།།འགྲོ་བ་ཇི་སྲིད་གནས་གྱུར་པ།།དེ་སྲིད་བདག་ནི་གནས་གྱུར་ནས།།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།ཅེས་སོགས་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་སྐབས་བབ་ཀྱི་ལས་གཞི་ཡོངས་སུ་གྲུབ་པས་དགེ་ལེགས་འཕེལ།།།།སླར་སྨྲས་པ།ཐུབ་པའི་བསྟན་ལ་གསང་ཚིག་མི་མངའ་བས།།དེ་ལས་བུང་བའི་རྨད་བ྄ུང་སྦྱོར་བ་ཞིག།གཟུར་གནས་ཐུགས་རྟོགས་ཡངས་པའི་གྲོགས་རྣམས་ཀྱིས།།སྔོན་མེད་ལེགས་བཤད་དེ་འདྲ་མེད་དོ་སྙམ།།ཐུབ་བསྟན་རིན་ཆེན་གསེར་གྱི་ལྷུན་པོ་ལ།།དྲི་མེད་རིགས་པས་བ྄ི་དོར་བ྄ས་པ་ལས།།གསེར་སྦྱངས་བཙོ་མ་བློ་བཟང་རྒྱལ་བའི་བསྟན།།འཛམ་གླིང་ས་ཆེན་འདི་ན་རྟག་མཛེས་ཤོག།
ཞེས་དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས་ཀྱིས་རང་ཤག་ཕོ་བྲང་དཀར་པོའི་ནང་དུ་བྲིས།།།།

རྩོམ་ཡིག་འདི་ཐེངས་ 3131 བཀླགས་འདུག

Related Articles