བདག་འཛིན་ཕྲ་རགས་སྐོར་ལ་དཔྱད་པ།

དགའ་ལྷོ་འབྲི་ཚུལ་ཁྲིམས་རྒྱལ་བ།

རང་ཅག་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དང༌།ད་ལྟ་ནས་མ་འོངས་པར་ཐར ་པའི་གོ་འཕང་མ་ཐོབ་བར་དུ་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་མནར་ཞིང་འོང་བ་དང༌། འགྲོ་བཞིན་པ་དང༌། འགྲོ་བར་འགྱུར་བ་ཞིག་ཡིན་ན། སྡུག་བསྔལ་འདི་དག་རྒྱུ་མེད་རྐྱེན་མེད་ཞིག་མིན་པས། ཐར་འདོད་ཀྱི་སྐྱེས་བུ་ཞིག་ཡིན་ན་འདི་དག་གི་རྒྱུ་རྐྱེན་སྤྱི་དང༌།ཁྱད་པར་དུ་འདིའི་རྩ་བའི་རྒྱུ་གང་ཡིན་ངོས་ཟིན་པ་གལ་ཆེ་བ་ཡིན་པར་རྒྱ་བོད་མཁས་པའི་ཚད་ལྡན་གྱི་གཞུང་ལུགས་དུ་མ་ཞིག་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་པ་ཡིན་ལ།དེས་ན་རང་ཅག་འགྲོ་བ་རྣམས་ལ་མི་འདོད་ཐོག་ཏུ་བབ་པའི་སྡུག་བསྔལ་འདི་ཡི་རྩ་བའི་རྒྱུ་ནི་ཐོག་མ་མེད་པ་ནས་གོམས་པའི་བདག་ཏུ་འཛིན་པའི་བདག་འཛིན་མ་རིག་པ་ཞེས་པ་འདི་ཡིན་ལ། དེ་ཡང་བློ་དེའི་འཛིན་སྟངས་ངོས་མ་ཟིན་པར་བློ་དེ་ངོས་བཟུང་དུ་མེད་པས་བདག་འཛིན་མ་རིག་པ་དེས་འཛིན་ཚུལ་ངོས་ཟིན་དགོས་པ་ཡིན་ལ། དེ་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་འདིར་རང་རྒྱུད་པ་མན་ཆད་ཀྱིས་ཐུན་མོང་བར་འདོད་པའི་བདག་འཛིན་གྱིས་འཛིན་ཚུལ་རང་བློར་འཆར་ཚོད་ཙམ་ཞིག་འཆད་ན། ང་ཞེས་འཛིན་པའི་ཚེ་ལས་བྱེད་པ་པོ་དང༌། ལས་གསོགས་པ་པོ། དེ་བཞིན་ང་འགྲོ་ང་འོང་ཞེས་སོགས་ཀྱི་འཛིན་ཚུལ་ཞིག་དང༌། རང་གི་ཕུང་པོའི་ཚོགས་པ་དང་ཡ་གྱལ་གང་ལ་ཡང་མ་ལྟོས་པར་ང་ཞེས་རང་དབང་བའམ་རང་སྐྱ་བའི་འཛིན་ཚུལ་གཉིས་ཡོད་པ་ལས་སྔ་མ་ནི་འཛིན་པ་དོན་མཐུན་དང༌། དེས་བཟུང་བའི་དོན་ལ་ལས་འབྲས་དང༌། འགྲོ་འོང་གི་གཞིར་རུང་བས་ཡོད་པ་ཡིན་ལ། ཕྱི་མ་ནི་སྔར་བཤད་པའི་མི་འདོད་པའི་སྡུག་བསྔལ་འདི་དག་གི་རྩ་བའི་རྒྱུ་ཡིན་ལ་དེས་བཟུང་བ་ལྟར་གྲུབ་པ་མེད་པས་དེའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་དེ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང༌། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་དགག་བྱའི་བདག་ཞེས་པ་དེ་ཡིན་ལ་དེ་ལྟ་བུའི་འཛིན་པ་དེ་ལ་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ཡོད་ལ། བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ལ་ཕྲ་རགས་སམ་འཛིན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན་ཡོད་དེ། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཡང་ན་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་དུ་མེད་པ་དེ་རང་བཞིན་མེད་པས་ཁྱབ་སྟེ།དཔེར་ན་རི་བོང་གི་རྭ་བཞིན། གང་ཟག་རང་དབང་བ་དེ་ཡང་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་བོ་ཞེས་བྱའོ།།

ཁྱབ་པ་ནི་ངེས་སླ་ལ། ཕྱོགས་ཆོས་ནི་གང་ཟག་རང་དབང་བ་དང་གྲུབ་བདེ་གཅིག་གི་རང་བཞིན་དུ་མེད་དེ་ཁྱོད་རྒྱུའི་གཞན་དབང་ཅན་ཡིན་པའི་ཕྱིར། ཁྱོད་དེ་ལས་རང་བཞིན་གཞན་དུ་མེད་དེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པའི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་སྟོང་བ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ་ཞེས་གསུངས་པས། རང་དབང་བའི་བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་གྲུབ་པར་འཛིན་པའི་འཛིན་པ་དང༌། གཞན་དུ་གྲུབ་པར་འཛིན་པའི་འཛིན་པ་གཉིས་བདག་འཛིན་ཀུན་བརྟགས་དང༌། དེ་གཉིས་ཀྱི་ཞེན་ཡུལ་མེད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་པ་ཡིན་ནོ་ཞེ་ན། འོ་ན་འཛིན་པ་དེ་གཉིས་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། གང་ཟག་གི་བདག་འཛིན་ཀུན་བརྟགས་ཡིན་པའི་ཕྱིར། འདོད་ན་དེའི་ཞེན་ཡུལ་མེད་པ་དེ་ཉིད་བདག་མེད་ཕྲ་མོ་ཡིན་པར་འགྱུར་ལ་དེ་ལྟར་ན་རྩ་བའི་རྟགས་ཀྱི་ བསྒྲུབ་བྱ་དང་ཁྱད་པར་མེད་པས། ཕྱོགས་ཆོས་སྒྲུབ་པའི་རྟགས་གཉིས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་དང༌། རྩ་བའི་རྟགས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་ལ་ཁྱད་པར་མེད་པར་འགྱུར་བའི་ཕྱིར། ཡང་འཛིན་པ་དེ་གཉིས་ཀྱིས་རང་དབང་བའི་བདག་དེ་ཉིད་ཕུང་པོ་དང་རང་བཞིན་ནམ་ངོ་བོ་གཅིག་དང༌། ཐ་དད་དུ་འཛིན་པའི་འཛིན་པ་དེ་ཡིན་པས་སྤྱིར་བདག་འཛིན་ཀུན་བརྟགས་མ་ཡིན་གྱི། བདག་འཛིན་རགས་པ་དང༌།འཛིན་པ་ཀུན་བརྟགས་ཀྱི་གཞི་མཐུན་ཙམ་ཞིག་ཡིན་པས་དེ་ལ་བདག་འཛིན་ཀུན་བརྟགས་ཞེས་བརྗོད་པ་ཙམ་ཞིག་ཡིན་གྱི་བདག་འཛིན་ཀུན་བརྟགས་ཕྲ་མོ་མིན་པས་འདིའི་ཞེན་ཡུལ་སུན་ཕྱུང་བ་དང༌། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བ་གཉིས་མི་འདྲ་ཞེ་ན། འོ་ན། འཛིན་པ་ཀུན་བརྟགས་དེ་གཉིས་ཀྱི་ཞེན་ཡུལ་མེད་པ་དེ་ཉིད་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་ཡིན་པར་

གསུངས་པས། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་བའི་བདག་མེད་དེ་གང་ཟག་གི་བདག་མེད་ཕྲ་མོ་མ་ཡིན་པར་ཐལ།དེའི་དགག་བྱ་འཛིན་ པའི་བདག་འཛིན་དེ་བདག་འཛིན་རགས་པ་ཡིན་པའི་ཕྱིར། འདོད་ན་མི་རྟག་སོགས་བཅུ་དྲུག་གི་ནང་ཚན་གྱི་སྡུག་བདེན་སྟེང་གི་བདག་མེད་པ་དེ་བདག་མེད་ཕྲ་མོ་མ་ཡིན་པར་ཐལ། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་བའི་བདག་མེད་ལས་ལོགས་ཞིག་མི་རྟག་སོགས་བཅུ་དྲུག་གི་ནང་ཚན་གྱི་བདག་མེད་པ་ཞེས་པ་ཞིག་མེད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། མི་རྟག་ སོགས་བཅུ་དྲུག་གི་ནང་ཚན་གྱི་བདག་མེད་ནི། སྡུག་བསྔལ་བདེན་པའི་མཚན་གཞི་ཟག་ བཅས་ཉེ་བར་ལེན་པའི་ཕུང་པོ་རང་གི་ངོ་བོ་རང་དབང་བའི་བདག་ཏུ་མ་གྲུབ་པ་དེ་ཉིད་ཡིན་པས་བདག་མེད་ཕྲ་མོ་མ་ཡིན་པར་འདོད་མི་ནུས་པའི་ཕྱིར། དེ་ལྟར་ཡིན་པ་ཡང༌། ལེགས་བཤད་གསེར་ཕྲེང་ལས། ངོ་བོ་གྱུར་བའི་བདག་མེད་པས་བདག་མེད་དེའི་མཚན་ཉིད་དེ་རང་བཞིན་ཞི་བའི་རྣམ་པ་སྟེ་དེ་ལྟར་བཞིའོ། ཞེས་དང༌། རྣམ་བཤད་སྙིང་པོ་རྒྱན་ལས། དང་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ནི།དེ་ལས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་གོ་རིམ་བཞིན་ཞེས་པ་ནས།རང་གི་ངོ་བོ་བདག་ཏུ་མ་གྲུབ་པས་བདག་མེད་དེ་ཞེས་དང༌། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ལོག་ཕྱོགས་བཅུ་དྲུག་གི་འགལ་ཟླ་མི་རྟག་སོགས་བཅུ་དྲུག་ངོས་བཟུང་བའི་སྐབས་སུ། སྡུག་བསྔལ་གྱི་སྡུག་བསྔལ་ཆོས་ཅན། མི་རྟག་པ་ཡིན་ཏེ༌། རེ་འགའ་སྐྱེ་བའི་ཕྱིར་ཞེས་པ་ནས། བདག་མེད་པ་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོ་མ་གྲུབ་པའི་ཕྱིར་ཞེས་དང༌། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ཕར་ཕྱིན་བློ་བཟང་དགོངས་རྒྱན་ལས།བདེན་བཞིའི་རྣམ་པ་བཅུ་དྲུག་ཡོད་པ་དེ་ལས། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་གོ་རིམ་བཞིན་དུ་འཆད་དོ། ཞེས་དམ་བཅས་ ནས། སྡུག་བསྔལ་གྱི་བདེན་པ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། ཞེས་པ་ནས། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོ་བདག་ཏུ་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར།གཞན་ཡང་བདེན་པ་བཞི་པོ་རེ་རེ་ལ་ཁྱད་ཆོས་བཞི་བཞི་སྟེ་བཅུ་དྲུག་ལ་བདེན་བཞི་མི་རྟག་སོགས་རང་ཅག་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དང༌། ད་ལྟ་ནས་མ་འོངས་པར་ཐར་པའི་གོ་འཕང་མ་ཐོབ་བར་དུ་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་མནར་ཞིང་འོང་བ་དང༌། འགྲོ་བཞིན་པ་དང༌། འགྲོ་བར་འགྱུར་བ་ཞིག་ཡིན་ན། སྡུག་བསྔལ་འདི་དག་རྒྱུ་མེད་རྐྱེན་མེད་ཞིག་མིན་པས། ཐར་འདོད་ཀྱི་སྐྱེས་བུ་ཞིག་ཡིན་ན་འདི་དག་གི་རྒྱུ་རྐྱེན་སྤྱི་དང༌། ཁྱད་པར་དུ་འདིའི་རྩ་བའི་རྒྱུ་གང་ཡིན་ངོས་ཟིན་པ་གལ་ཆེ་བ་ཡིན་པར་རྒྱ་བོད་མཁས་པའི་ཚད་ལྡན་གྱི་གཞུང་ལུགས་དུ་མ་ཞིག་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་པ་ཡིན་ལ།དེས་ན་རང་ཅག་འགྲོ་བ་རྣམས་ལ་མི་འདོད་ཐོག་ཏུ་བབ་པའི་སྡུག་བསྔལ་འདི་ཡི་རྩ་བའི་རྒྱུ་ནི་ཐོག་མ་མེད་པ་ནས་གོམས་པའི་བདག་ཏུ་འཛིན་པའི་བདག་འཛིན་མ་རིག་པ་ཞེས་པ་འདི་ཡིན་ལ། དེ་ཡང་བློ་དེའི་འཛིན་སྟངས་ངོས་མ་ཟིན་པར་བློ་དེ་ངོས་བཟུང་དུ་མེད་པས་བདག་འཛིན་མ་རིག་པ་དེས་འཛིན་ཚུལ་ངོས་ཟིན་དགོས་པ་ཡིན་ལ། དེ་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་འདིར་རང་རྒྱུད་པ་མན་ཆད་ཀྱིས་ཐུན་མོང་བར་འདོད་པའི་བདག་འཛིན་གྱིས་འཛིན་ཚུལ་རང་བློར་འཆར་ཚོད་ཙམ་ཞིག་འཆད་ན། ང་ཞེས་འཛིན་པའི་ཚེ་ལས་བྱེད་པ་པོ་དང༌། ལས་གསོགས་པ་པོ། དེ་བཞིན་ང་འགྲོ་ང་འོང་ཞེས་སོགས་ཀྱི་འཛིན་ཚུལ་ཞིག་དང༌། རང་གི་ཕུང་པོའི་ཚོགས་པ་དང་ཡ་གྱལ་གང་ལ་ཡང་མ་ལྟོས་པར་ང་ཞེས་རང་དབང་བའམ་རང་སྐྱ་བའི་འཛིན་ཚུལ་གཉིས་ཡོད་པ་ལས་སྔ་མ་ནི་འཛིན་པ་དོན་མཐུན་དང༌། དེས་བཟུང་བའི་དོན་ལ་ལས་འབྲས་དང༌། འགྲོ་འོང་གི་གཞིར་རུང་བས་ཡོད་པ་ཡིན་ལ། ཕྱི་མ་ནི་སྔར་བཤད་པའི་མི་འདོད་པའི་སྡུག་བསྔལ་འདི་དག་གི་རྩ་བའི་རྒྱུ་ཡིན་ལ་དེས་བཟུང་བ་ལྟར་གྲུབ་པ་མེད་པས་དེའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་དེ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང༌། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་དགག་བྱའི་བདག་ཞེས་པ་དེ་ཡིན་ལ་དེ་ལྟ་བུའི་འཛིན་པ་དེ་ལ་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ཡོད་ལ། བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ལ་ཕྲ་རགས་སམ་འཛིན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན་ཡོད་དེ། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཡང་ན་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་དུ་མེད་པ་དེ་རང་བཞིན་མེད་པས་ཁྱབ་སྟེ།དཔེར་ན་རི་བོང་གི་རྭ་བཞིན། གང་ཟག་རང་དབང་བ་དེ་ཡང་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་བོ་ཞེས་བྱའོ།།

ཁྱབ་པ་ནི་ངེས་སླ་ལ། ཕྱོགས་ཆོས་ནི་གང་ཟག་རང་དབང་བ་དང་གྲུབ་བདེ་གཅིག་གི་རང་བཞིན་དུ་མེད་དེ་ཁྱོད་རྒྱུའི་གཞན་དབང་ཅན་ཡིན་པའི་ཕྱིར། ཁྱོད་དེ་ལས་རང་བཞིན་གཞན་དུ་མེད་དེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པའི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་སྟོང་བ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ་ཞེས་གསུངས་པས། རང་དབང་བའི་བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་གྲུབ་པར་འཛིན་པའི་འཛིན་པ་དང༌། གཞན་དུ་གྲུབ་པར་འཛིན་པའི་འཛིན་པ་གཉིས་བདག་འཛིན་ཀུན་བརྟགས་དང༌། དེ་གཉིས་ཀྱི་ཞེན་ཡུལ་མེད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་པ་ཡིན་ནོ་ཞེ་ན། འོ་ན་འཛིན་པ་དེ་གཉིས་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། གང་ཟག་གི་བདག་འཛིན་ཀུན་བརྟགས་ཡིན་པའི་ཕྱིར། འདོད་ན་དེའི་ཞེན་ཡུལ་མེད་པ་དེ་ཉིད་བདག་མེད་ཕྲ་མོ་ཡིན་པར་འགྱུར་ལ་དེ་ལྟར་ན་རྩ་བའི་རྟགས་ཀྱི་ བསྒྲུབ་བྱ་དང་ཁྱད་པར་མེད་པས། ཕྱོགས་ཆོས་སྒྲུབ་པའི་རྟགས་གཉིས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་དང༌། རྩ་བའི་རྟགས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་ལ་ཁྱད་པར་མེད་པར་འགྱུར་བའི་ཕྱིར། ཡང་འཛིན་པ་དེ་གཉིས་ཀྱིས་རང་དབང་བའི་བདག་དེ་ཉིད་ཕུང་པོ་དང་རང་བཞིན་ནམ་ངོ་བོ་གཅིག་དང༌། ཐ་དད་དུ་འཛིན་པའི་འཛིན་པ་དེ་ཡིན་པས་སྤྱིར་བདག་འཛིན་ཀུན་བརྟགས་མ་ཡིན་གྱི། བདག་འཛིན་རགས་པ་དང༌།འཛིན་པ་ཀུན་བརྟགས་ཀྱི་གཞི་མཐུན་ཙམ་ཞིག་ཡིན་པས་དེ་ལ་བདག་འཛིན་ཀུན་བརྟགས་ཞེས་བརྗོད་པ་ཙམ་ཞིག་ཡིན་གྱི་བདག་འཛིན་ཀུན་བརྟགས་ཕྲ་མོ་མིན་པས་འདིའི་ཞེན་ཡུལ་སུན་ཕྱུང་བ་དང༌། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བ་གཉིས་མི་འདྲ་ཞེ་ན། འོ་ན། འཛིན་པ་ཀུན་བརྟགས་དེ་གཉིས་ཀྱི་ཞེན་ཡུལ་མེད་པ་དེ་ཉིད་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་ཡིན་པར་གསུངས་པས། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་བའི་བདག་མེད་དེ་གང་ཟག་གི་བདག་མེད་ཕྲ་མོ་མ་ཡིན་པར་ཐལ།དེའི་དགག་བྱ་འཛིན་ པའི་བདག་འཛིན་དེ་བདག་འཛིན་རགས་པ་ཡིན་པའི་ཕྱིར། འདོད་ན་མི་རྟག་སོགས་བཅུ་དྲུག་གི་ནང་ཚན་གྱི་སྡུག་བདེན་སྟེང་གི་བདག་མེད་པ་དེ་བདག་མེད་ཕྲ་མོ་མ་ཡིན་པར་ཐལ། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་བའི་བདག་མེད་ལས་ལོགས་ཞིག་མི་རྟག་སོགས་བཅུ་དྲུག་གི་ནང་ཚན་གྱི་བདག་མེད་པ་ཞེས་པ་ཞིག་མེད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། མི་རྟག་ སོགས་བཅུ་དྲུག་གི་ནང་ཚན་གྱི་བདག་མེད་ནི། སྡུག་བསྔལ་བདེན་པའི་མཚན་གཞི་ཟག་ བཅས་ཉེ་བར་ལེན་པའི་ཕུང་པོ་རང་གི་ངོ་བོ་རང་དབང་བའི་བདག་ཏུ་མ་གྲུབ་པ་དེ་ཉིད་ཡིན་པས་བདག་མེད་ཕྲ་མོ་མ་ཡིན་པར་འདོད་མི་ནུས་པའི་ཕྱིར། དེ་ལྟར་ཡིན་པ་ཡང༌། ལེགས་བཤད་གསེར་ཕྲེང་ལས། ངོ་བོ་གྱུར་བའི་བདག་མེད་པས་བདག་མེད་དེའི་མཚན་ཉིད་དེ་རང་བཞིན་ཞི་བའི་རྣམ་པ་སྟེ་དེ་ལྟར་བཞིའོ། ཞེས་དང༌། རྣམ་བཤད་སྙིང་པོ་རྒྱན་ལས། དང་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ནི།དེ་ལས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་གོ་རིམ་བཞིན་ཞེས་པ་ནས།རང་གི་ངོ་བོ་བདག་ཏུ་མ་གྲུབ་པས་བདག་མེད་དེ་ཞེས་དང༌། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ལོག་ཕྱོགས་བཅུ་དྲུག་གི་འགལ་ཟླ་མི་རྟག་སོགས་བཅུ་དྲུག་ངོས་བཟུང་བའི་སྐབས་སུ། སྡུག་བསྔལ་གྱི་སྡུག་བསྔལ་ཆོས་ཅན། མི་རྟག་པ་ཡིན་ཏེ༌། རེ་འགའ་སྐྱེ་བའི་ཕྱིར་ཞེས་པ་ནས། བདག་མེད་པ་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོ་མ་གྲུབ་པའི་ཕྱིར་ཞེས་དང༌། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ཕར་ཕྱིན་བློ་བཟང་དགོངས་རྒྱན་ལས།བདེན་བཞིའི་རྣམ་པ་བཅུ་དྲུག་ཡོད་པ་དེ་ལས། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་གོ་རིམ་བཞིན་དུ་འཆད་དོ། ཞེས་དམ་བཅས་ ནས། སྡུག་བསྔལ་གྱི་བདེན་པ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། ཞེས་པ་ནས། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོ་བདག་ཏུ་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར།

གཞན་ཡང་བདེན་པ་བཞི་པོ་རེ་རེ་ལ་ཁྱད་ཆོས་བཞི་བཞི་སྟེ་བཅུ་དྲུག་ལ་བདེན་བཞི་མི་རྟག་སོགས་

བཅུ་དྲུག་ཅེས་བཞག་པ་ཡིན་པས། དེའི་ནང་ཚན་གྱི་བདག་མེད་དེ་རགས་པ་ཞིག་ཡིན་ན། བདེན་བཞི་མི་རྟག་སོགས་བཅུ་དྲུག་སྒོམ་པའི་ཉན་ཐོས་རྣམས་ཀྱིས་རང་གི་ཐོབ་བྱ་མཐར་ཐུག་ཐར་པ་ཐོབ་པ་མེད་པར་ཐལ། དེ་དག་སྒོམ་པས་གང་ཟག་གི་བདག་ཏུ་གྲུབ་པ་འཛིན་པའི་བདག་འཛིན་གྱི་དངོས་ཀྱི་གཉེན་པོ་བྱེད་པ་མེད་པའི་ཕྱིར། འདོད་ན། མངོན་པ་བས་དབུ་མ་པ་ལ་རྩོད་པའི་ཚེ། བདེན་པ་མཐོང་བས་གྲོལ་འགྱུར་བས། །སྟོང་ཉིད་མཐོང་བ་ཅི་ཞིག་བྱ། །ཞེས་ཇི་ལྟར་རྩོད། ཡང་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་ལ་ཕྲ་རགས་གཉིས་རེ་ཕྱེ་རྒྱུ་ཡོད་པས། རྩ་བའི་རྟགས་ཀྱི་བསྒྲུབ་བྱ་བདག་མེད་ཕྲ་མོ་དང༌། ཕྱོགས་ཆོས་སྒྲུབ་

པའི་རྟགས་གཉིས་ཀྱི་བསྒྲུབ་བྱ། རང་དབང་བའི་རང་བཞིན་གཅིག་ཏུ་མེད་པ་དང་རང་བཞིན་གཞན་དུ་མེད་པ་གཉིས་རགས་པ་ཡིན་པས་སྐྱོན་མེད་ཅེ་ན། འོ་ན་དེ་འདྲའི་བདག་མེད་རགས་པ་དེ་རྟོགས་ན་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་བདག་མེད་རྟོགས་དགོས་པར་ཐལ། རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པའི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་འགྲུབ་ལ་ཞེས་པའི་འགྲུབ་རྒྱུའི་སྟོང་བ་དང་བདག་མེད་ནི་རང་དབང་བའི་བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་མེད་པ་དང༌། རང་བཞིན་གཞན་དུ་མེད་པ་དེའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་རགས་པ་དེ་ཡིན་པའི་ཕྱིར། འདོད་ན་གང་ཟག་གི་བདག་མེད་རགས་པ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པས་ཁྱབ་པར་ཐལ། སྡུག་བདེན་གྱི་ཁྱད་ཆོས་སམ་དེའི་སྟེང་གི་བདག་མེད་རགས་པ་རྟོགས་ན་དེའི་སྟེང་དུ་བདག་མེད་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན་རང་སྡེ་གནས་མ་བུ་པའི་སྡེ་པས་གང་ཟག་གི་བདག་མེད་རྟོགས་པར་ཐལ། དེས་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། དེས་གང་ཟག་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་འདོད་པའི་ཕྱིར། དེ་བཞིན་མི་རྟག་པ་རགས་པ་རྟོགས་ན་མི་རྟག་པ་རྟོགས་དགོས་པའི་སྐྱོན་དུ་ཡང་འགྱུར་བའི་ཕྱིར་རོ། དེས་ན་རང་གི་བསམ་དོན་ནི། སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་ལ་ཕྲ་རགས་གཉིས་གཉིས་ཡོད་པས། གང་ཟག་གི་སྟེང་དུ་རང་དབང་བའི་བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་མེད་པ་དང༌། དེའི་སྟེང་དུ་རང་དབང་བའི་བདག་ཕུང་པོ་དང་རང་བཞིན་ཐ་དད་དུ་མེད་པ་གཉིས་དེའི་ཁྱད་ཆོས་སུ་གྱུར་བའི་རགས་པའི་སྟོང་བ་དང་བདག་མེད་པ་དང༌། གང་ཟག་རང་ཉིད་རང་སྐྱ་ཐུབ་པའི་རྫས་སུ་མ་གྲུབ་པ་དེ་དེའི་ཁྱད་ཆོས་སུ་གྱུར་བའི་བདག་མེད་པ་ཕྲ་མོ་དང༌། ཕུང་པོ་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དེའི་ལོངས་སྤྱད་བྱར་མ་གྲུབ་པ་དེ་དེའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་ཕྲ་མོ་ཡིན་ཞེས་བརྗོད་ན་ཆོག་གམ་སྙམ། རྣམ་བཤད་ཐར་ལམ་གསལ་བྱེད་ལས་ཀུན་བརྟགས་ཀྱི་བདག་འཛིན་དུ་གསུངས་པ་དེ། འཛིན་པ་ཀུན་བརྟགས་སུ་གྱུར་བའི་བདག་འཛིན་རགས་པ་དང༌། དེའི་ཞེན་ཡུལ་རྣམ་པར་བཅད་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་རགས་པ་གཉིས་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་འཛིན་པ་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ་ཞེས་པ་ལ་དགོངས་པ་ཡིན་ནམ་སྙམ།དེས་ན་ཐར་ལམ་གསལ་བྱེད་ལས་གསུངས་པའི་རྟགས་སྦྱོར་དེ་འདི་ལྟར་ཡིན་ཏེ། གང་ཟག་ཆོས་ཅན། རང་དབང་བའི་རང་བཞིན་དུ་མེད་དེ། བདག་རང་དབང་བའི་ཕུང་པོ་དང་རང་བཞིན་གཅིག་ཏུ་མ་གྲུབ། རང་བཞིན་གཞན་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་པ་རྩ་བའི་རྟགས་དང༌། དེའི་ཕྱོགས་ཆོས་སྒྲུབ་པའི་རྟགས་གཉིས་ནི། གང་ཟག་ཆོས་ཅན། བདག་རང་དབང་བའི་ཕུང་པོ་དང་རང་བཞིན་གཅིག་ཏུ་མེད་དེ། ཁྱོད་རྒྱུའི་གཞན་དབང་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། བདག་རང་དབང་བའི་ཕུང་པོ་དང་རང་བཞིན་གཞན་དུ་མེད་དེ། དེ་ལྟར་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། འདི་རྩ་ཤེ་ཊིག་ཆེན་ལས། བདག་སྐྱེ་ཡོད་ན་དོན་དང་ཐུག་མེད་རྟགས་ཡིན་ན། དེ་རྩོད་གཞིའི་སྟེང་དུ་གྲུབ་ན་བསྒྲུབ་བྱ་གྲུབ་དགོས་པར་གསུངས་པ་དང་མི་འདྲ་སྟེ། འདིར་ནི་ཚད་མས་མ་དམིགས་པ་ཞེས་བཀོད་པས་ཚད་མས་མ་དམིགས་པ་མེད་པའི་དོན་ཡིན་པའི་གནད་ ཀྱིས། རྟགས་དེ་རྩོད་གཞིའི་སྟེང་དུ་གྲུབ་ཀྱང་བསྒྲུབ་བྱ་གྲུབ་མི་དགོས་པའི་ཕྱིར། མདོར་ན་བདག་འཛིན་ཕྲ་རགས་དེ་དག་གིས་འཛིན་ཚུལ་ཤེས་པར་བྱས་ནས། རྟགས་འདི་དག་ལ་བརྟེན་ནས་བདག་མེད་ལེགས་པར་གཏན་ལ་ཕབ། དེ་ནས་དེ་ཉིད་ཡང་ཡང་གོམས་པར་བྱས་པ་ལས་རྩ་བའི་རྒྱུ་བདག་འཛིན་མ་རིག་པ་འདི་སྤངས་པས་ཆགས་སྡང་ཉོན་མོངས་སོགས་སྡུག་བསྔལ་འདི་དག་སེལ་བར་ནུས་པ་ཡིན་པས་རང་གཞན་སུ་འདྲ་ཞིག་ཡིན་ཡང་བདག་མེད་པ་འདི་ཉིད་རྟོགས་པའི་དོན་དུ་ལན་གཅིག་མིན་པར་ཡང་ནས་ཡང་དུ་འབད་དགོས་པ་ཡིན་ནོ།།

 

རྩོམ་ཡིག་འདི་ཐེངས་ 4934 བཀླགས་འདུག

Related Articles