Web Toolbar by Wibiya
 

གསལ་བསྒྲགས།

རྩོམ་བསྡུའི་གསལ་བརྡ།

༄༅། །དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ང་ཚོ་ཁ་བ་གངས་ཅན་པའི་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན།  གནས་པ་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་ནམ་གཞི་རྩ་གཙོ་བོ་ནི་བོད་ཡིག་འདི་ཡར་རྒྱས་གཏོང་ཐུབ་མིན་ལ་རག་ལས་ཡོད་པའི་ཚུལ་ནི་བསྐྱར་བཤད་དང་ཡང་བཤད་ཅི་ལ་དགོས།  གཙོ་བོར་ང་ཚོས་སྐད་ཡིག་འདི་ཉིད་གཅེས་འཛིན་དང་འདི་ཉིད་ལ་མཐོང་ཆེན་ངེས་པར་བྱ་དགོས་པ་ཡིན།  དེ་ཡང་འཕགས་མཆོག་འཇིག་རྟེན་མགོན་པོའི་དགོངས་གཞི་དང་བཀའ་འབྲེལ་གཉིས་ཐད་ནས་བོད་ཀྱི་རིག་གཞུང་འདི་ཉིད་ཡར་རྒྱས་གཏོང་བ་ལ་བོད་པ་མི་རེ་ངོ་རེས་འགན་འཁུར་དགོས་པའི་བཀའ་སློབ་རབ་དང་རིམ་པ་རང་ཅག་རྣམས་ཀྱི་སྤྱི་བོའི་རྒྱན་དུ་ཕེབས་པ་བཞིན་ཚོགས་པ་དང་ལུང་ཚན་སོ་སོས་ཀྱང་གང་ནུས་དེ་སྒྲུབ་ཀྱི་ཚུལ་དུ་གངས་ཅན་པའི་རིག་གཞུང་འཛིན་སྐྱོང་བྱ་དགོས་པ་སྐབས་བབ་ཀྱི་དོན་ངོ་མ་དེ་ཡིན།  རྒྱུ་མཚན་དེ་དག་ལ་གཞིགས་ནས་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་རང་འགན་རང་ཁུར་གྱི་ཚུལ་དུ་བོད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་རྣམས་འཛིན་སྐྱོང་དང་ཡར་རྒྱས་ལ་དམིགས་ནས་སྤྱི་ལོ་ ༢༠༠༩ ལོར་ནགས་ལྷ་རྩོམ་སྒྲིག་ཁང་གསར་དུ་བཙུགས་ནས་ད་ལྟའི་བར་དཔྱད་རྩོམ་དང་སྒྲུང་རྩོམ།  ནང་ཆོས་དང་ཚན་རིག །ལོ་རྒྱུས་དང་ཆོས་འབྱུང་སོགས་མདོར་ན་གནའ་དེང་གི་ཤེས་བྱའི་གནས་ལ་འགྲེལ་བརྗོད་ཐུབ་པའི་རྩོམ་ཡིག་སྣ་མང་ལས་གྲུབ་པའི་དུས་དེབ། ༼ནགས་ལྷའི་སྒྲོན་མེ།༽ཞེས་པ་འདོན་ཐེངས་དྲུག་ལེགས་གྲུབ་བྱུང་ཡོད།  དེ་བཞིན་༼ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད། ༽ ཅེས་པ་རྩོམ་ཡིག་གི་ལམ་ནས་གོ་རྟོགས་སྤེལ་ཐབས་དང་།  གཞན་ཡང་གཞུང་ཁྲིད་དང་ལམ་སྟོན་བསླབ་བྱ། རིག་གནས་འཆད་ཁྲིད་སོགས་སྒྲ་འཇུག་བྱས་ནས་བོད་ཕྱི་ནང་གང་ས་ནས་ལྟ་ཉན་ཐུབ་པའི་དྲ་རྒྱ་ཞིག་ཀྱང་གཉེར་བཞིན་པ་ཡིན།  དེའི་ཐད་བོད་ཕྱི་ནང་གཉིས་ཀ་ནས་ལེགས་གསོལ་བསྔགས་བརྗོད་གནང་བའི་མཁས་པ་དང་དོན་གཉེར་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད།  དེ་བཞིན་སྙན་རྩོམ་འགྲན་བསྡུར་དང་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་སོགས་རིག་གཞུང་ལ་ཕན་པའི་ལས་རིམ་དུ་མ་ལ་འབད་བཞིན་པ་ཡིན།  ང་ཚོའི་དམིགས་ཡུལ་དང་རེ་བ་བཞིན་རྩོམ་པ་པོའི་གྲངས་ཚད་དང་། རྩོམ་ཡིག་གི་སྤུས་ཚད་སོགས་གང་ཐད་ནས་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་པའི་ཚུལ་ལ་གྲགས་ཅན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་བསྔགས་བརྗོད་ཐོབ་ཡོད།  མ་ཚད་འདི་ལོ་ནི་དུས་ཁྱད་པར་ཅན་ཞིག་ཡིན་པས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་བསྟོད་ཚོགས། གསོལ་འདེབས་དང་ཞབས་བརྟན་སོགས་ལས་གྲུབ་པའི་ཆེད་དེབ་ཅིག་འདོན་འཆར་གྱི་གསལ་བསྒྲགས་སྔོན་སོང་བཞིན་ད་ཆ་ཞུ་སྒྲིག་གི་ལས་རིམ་ལ་འཇུག་བཞིན་པ་ཡིན།  ལས་རིམ་རྣམས་དེ་ལྟར་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ཆེའི་རྩོམ་པ་པོ་རྣམས་དང་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་དང་ལས་ཀའི་ཐད་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་རྣམས་ཡིན་པས་ལས་རིམ་འདིའི་ཐོག་མཉམ་ཞུགས་གནང་མཁན་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དུས་དེབ་འདོན་ཐེངས་བདུན་པ་འདི་ལོའི་ལམ་རིམ་གསུང་ཆོས་ཀྱི་སྔོན་དུ་བསྒྲིག་འཆར་ཡོད་པས་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་གི་ཚད་དང་བརྗོད་གཞིའི་སྐོར་གསལ་བསྒྲགས་སྔོན་སོང་ལྟར་དང་། རྩོམ་ཡིག་རྣམས་སྤྱི་ལོ་ ༢༠༡༥ ཟླ་བ་ ༡༡ ཚེས་ ༡ ནང་ཚུད་འདི་ག་རྩོམ་སྒྲིག་ཁང་ལ་འབྱོར་ཐུབ་པ་གནང་རོགས་ཞུ། གཞན་ཡང་ང་ཚོའི་དྲ་རྒྱའི་ནང་ལ་འཇུག་རྒྱུའི་རྩོམ་ཡིག་དང་། ཕ་ཡུལ་གྱི་རི་དང་ལུང་པའི་པར་རིས་གསར་པ། གནས་ས་རི་ཁྲོད་སོགས་ཀྱི་པར་དང་ལོ་རྒྱུས། གཞུང་ཁྲིད་དང་བསླབ་བྱ། རིག་གནས་ཀྱི་སྐོར་འཆད་ཁྲིད་ཀྱི་སྒྲ་འཇུག་སོགས་རང་གཞན་ལ་ཕན་པའི་རིགས་ཡོད་ན་དུས་ངེས་མེད་ནགས་ལྷ་རྩོམ་སྒྲིག་ཁང་ལ་འབྲེལ་བ་གནང་རོགས་ཞུ།
སྤྱི་ལོ་ ༢༠༡༥ ཟླ་བ་ ༡༠ ཚེས་ ༡ ཉིན་སྤེལ།
ནགས་ལྷ་རྩོམ་སྒྲིག་ཁང་།
འབྲེལ་གཏུག་གློག་འཕྲིན་ཁ་བྱང་།
This e-mail address is being protected from spambots. You need JavaScript enabled to view it
This e-mail address is being protected from spambots. You need JavaScript enabled to view it
This e-mail address is being protected from spambots. You need JavaScript enabled to view it
འཕྲིན་ཕྲན།
འབྲི་རིང་མཐོང་། This e-mail address is being protected from spambots. You need JavaScript enabled to view it
ནགས་ཤོད་སྐལ་རྒྱན། 9880139237
ནགས་ཧ་ཧ་སྐལ་བཟང་། 860978415

 

རྩོམ་ཡིག་འདི་ཐེངས་ 10028 བཀླགས་འདུག

 

ནགས་ལྷ་དཔེ་ཚོགས་ཀྱི་ཆེད་རྩོམ་དེབ་ཕྲེང་དང་པོ་སྐུའི་གྱ་སྟོན་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་བསྡུའི་གསལ་བརྡ།

                            དྲི་མེད་ལྷག་བསམ་དཀར་པོའི་རང་མདངས་མངོན་པར་གསལ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་

                                              སྟོབས་རྩལ་རབ་ཏུ་རྒྱས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།                                                                                                                                                                                                                       ཆེད་ཞུ།

ནང་དོན་རྒྱས་པ།...
བརྡ་སྤྲོད་རིག་པའི་བགྲོ་གླེང་གསལ་བསྒྲགས།

༄༅། །ཤེས་བྱའི་གནས་ལ་དུང་བ་ཟབ་ཅིང་རང་གི་སྐད་ཡིག་ལ་ཞེན་པ་དཀར་བའི་དོན་གཉེར་ཅན་གྱི་

ནང་དོན་རྒྱས་པ།...
རྩོམ་བརྡ་གསལ་བསྒྲགས།

དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས་

ནང་དོན་རྒྱས་པ།...
བགྲོ་གླེང་གསལ་བསྒྲགས།

བློ་རིག་གསལ་ཞིང་བརྩོན་པ་ལྷོད་པ་མེད་པའི་རང་རིགས་སློབ་མ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།

ནང་དོན་རྒྱས་པ།...
དུས་དེབ་རྩོམ་བསྡུའི་གསལ་བསྒྲགས།

༄༅ མཁྱེན་པའི་སྤྱན་དཀྱུས་མཁའ་ལྟར་ཡངས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ། 
ཆེད་ཞུ། 
དགོངས་མངའ་བཞིན་ལོ་ལྟར་ང་ཚོས་སློབ་གཉེར་གྱི་ཞོར་དུ་སྤྱིར་ཁ་བ་གངས་ཅན་པའི་རིག་གཞུང་ལ་ཞབས་འདེགས་ཞུ་སླད་དང་། སྒོས་རང་ཉིད་ཀྱི་སློབ་སྦྱོང་གོང་མཐོར་སྤེལ་ནས་སྡེ་ལུང་པའི་མིང་དོན་ལ་ཕན་ཆེད་བཅས་ལ་དམིགས་ནས་རང་རིགས་ཡོངས་ཀྱིས་སེམས་ཤུགས་མཉམ་སྒྲིལ་གྱིས་ཕྱར་གྲུ་མཉམ་འདེགས་བྱས་པ་ལ་བརྟེན་ནས་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་འདོན་ཐེངས་བཞི་ལེགས་གྲུབ་བྱུང་བ་རེད། མ་ཚད་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་དྲ་མཛོད་ཅེས་པ་བོད་ཕྱི་ནང་གང་ས་ནས་གཟིགས་ཀློག་ཐུབ་པའི་དྲ་རྒྱ་དང་། སློབ་ཕྲུག་གུང་སེང་སྐབས་སུ་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས་དྲག་ཅན་གྱི་མཁས་དབང་གདན་འདྲེན་དང་བཅས་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་། དེ་བཞིན་སྙན་རྩོམ་འགྲན་བསྡུར་གྱི་ལས་རིམ་སོགས་ལེགས་གྲུབ་བྱུང་ཡོད། དེར་བརྟེན་རྒྱ་ཆེའི་རྩོམ་པ་པོ་རྣམས་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་བའི་ལྷག་བསམ་ཅན་རྣམས་གཙོ་བོར་གྱུར་བའི་རང་རིགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལོ་ཡང་སྔར་མུས་བཞིན་ནགས་ལྷའི་སྒྲོན་མེ་འདོན་ཐེངས་ལྔ་པ་འདོན་འཆར་ཡོད་པས་རང་རིགས་རྩོམ་པ་པོ་རྣམས་ཀྱིས་གནའ་རབས་དང་དེང་རབས་ཟུང་དུ་འབྲེལ་བའི་རིག་པའི་གཞུང་ལུགས་ལ་ཁ་ཕྱོགས་ནས་མདུན་བསྐྱོད་བྱ་དགོས་པ་གལ་ཆེར་བཟུང་ནས་དཔྱད་རྩོམ་དང་སྒྲུང་རྩོམ། ནང་ཆོས་དང་ཚན་རིག །ལོ་རྒྱུས་དང་ཆོས་འབྱུང་། བརྡ་སྤྲོད་དང་སྙན་རྩོམ། གཞན་ཡང་བསླབ་བྱ་དང་ལམ་སྟོན་སོགས་བཅད་ལྷུག་གང་ཡིན་ལ་ཁྱད་པར་མེད་ཀྱང་དུས་དེབ་ཀྱི་ས་ཁྱོན་ལ་གཞིག་ནས་ངོ་ཤོག་ལྔ་ལས་མ་མང་བ་དང་། ཡང་དཔྱད་རྩོམ་དང་སྒྲུང་རྩོམ་ལྟ་བུ་དེ་ཙམ་གྱིས་འཇུག་བསྒྲིལ་མི་ཐུབ་པ་བྱུང་ན་ང་ཚོས་ལོ་རེ་བཞིན་རིམ་དགོད་ཞུ་རྒྱུ་ཡིན་པས་དེ་སྔོན་གྱི་ལམ་ལུགས་བཞིན་ཐུགས་ཁུར་གནང་སྐྱོང་ཡོང་བ་ཞུ། རྩོམ་ཡིག་རྣམས་འདི་ལོ་སྟེ་སྤྱི་ལོ་ ༢༠༡༣ ཟླ་བ་ ༡༡ པའི་ཚེས་ ༢༠ སྔོན་ཚུད་ནགས་ལྷ་རྩོམ་སྒྲིག་ཁང་དུ་འབྱོར་ཐུབ་པ་གནང་བའི་རེ་བ་ཆེ། ང་ཚོས་ལྷོ་ཕྱོགས་ལམ་རིམ་ཆེན་མོའི་གསུང་ཆོས་ཀྱི་སྔོན་དུ་དུས་དེབ་འདོན་ཐུབ་པ་བྱ་འཆར་ཡོད་པས་རྣམ་པ་ཚོས་དེ་དོན་དགོངས་མངའ་ཡོད་པ་མཁྱེན།། སྤྱི་ལོ་ ༢༠༡༣ ཟླ་བ་ ༡༠ ཚེས་ ༢༦ ཉིན་ནགས་ལྷ་རྩོམ་སྒྲིག་ཁང་ནས།
འབྲེལ་གཏུག་གློག་འཕྲིན་ཁ་བྱང་། This e-mail address is being protected from spambots. You need JavaScript enabled to view it This e-mail address is being protected from spambots. You need JavaScript enabled to view it 0091 9882675550
This e-mail address is being protected from spambots. You need JavaScript enabled to view it This e-mail address is being protected from spambots. You need JavaScript enabled to view it 0091 9880139237 This e-mail address is being protected from spambots. You need JavaScript enabled to view it 0091 9945260676 
འབྲེལ་གཏུག་འཕྲིན་ཕྲན་ཁ་བྱང་། འབྲི་རིང་མཐོང་། 1730150857 ནགས་ཤོད་ལྷ་བུ། 5626063244
ནགས་ཤོད་སྐལ་རྒྱན། 9880139237 ནགས་ཧ་ཧ་སྐལ་བཟང་། 860978415

རྩོམ་ཡིག་འདི་ཐེངས་ 1007 བཀླགས་འདུག

རྩོམ་ཡིག་བསྡུ་ཕྱོགས་སྐོར་གསལ་བསྒྲགས།

                                                        ནགས་ལྷ་རྩོམ་སྒྲིག་ཁང་།

                                                                             རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་ལྷག་བསམ་གྱི་བ་གམ་མངོན་པར་མཐོ་བའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་ཆེད་ཞུ།

ནང་དོན་རྒྱས་པ།...


རྩོམ་ཡིག་དེ་ལས་མང་བ། ...
«StartPrev12NextEnd»
Page 1 of 2