Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྒྲུང་རྩོམ། འཛམ་གླིང་སྟེང་ཆེས་ཆུང་བའི་དགེ་ཆེ།
 
འཛམ་གླིང་སྟེང་ཆེས་ཆུང་བའི་དགེ་ཆེ། Tuesday, 26 November 2013 14:12 PDF Print E-mail

                                         སྒྱུར།  སུ་ཇ་དཀོན་མཆོག་རིན་ཆེན།

༡༽ འཛམ་གླིང་སྟེང་ཤེས་ཡོན་ཡང་དག་ཅིག་མ་རག་པའི་ཕྲུ་གུ་ས་ཡ་མང་པོ་བརྒལ་བར་ཡོད་ལ་དེའི་

རྒྱུ་རྐྱེན་ནི་ཁོ་ཚོའི་ནང་ཚང་ཧ་ཅང་དབུལ་བས་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ཀྱི་མེད། རྒྱ་གར་དུ་སློབ་ཕྲུག་གཅིག་གི་གནས་སྟངས་དེ་འགྱུར་བ་གཏོང་འགོ་བཙུགས། བྷ་བྷར་ཨཱ་ལིའི་ཕུལ་བྱུང་གི་ཤེས་ཡོན་གྱི་ལས་གྲྭ་དེས་དབུལ་ཕོངས་ཀྱི་ཕྲུ་གུ་བརྒྱ་ཕྲག་མང་པོའི་འཚོ་གནས་ལ་འགྱུར་བ་བཏང་།

 

 ༢༽ ལོ་ན་བཅུ་དྲུག་གི་སྟེང་དུ་བྷ་བྷར་ཨཱ་ལི་ནི་འཛམ་གླིང་སྟེང་ཆེས་ཆུང་བའི་དགེ་ཆེ་དེ་ཡིན་ངེས། ཁོ་ནི་རང་ཁྱིམ་གྱི་རྒྱབ་རྭའི་ནང་དུ་སློབ་ཕྲུག་བརྒྱ་ཕྲག་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་པའི་ལོ་ན་བཅུ་གྲངས་ལ་སོན་པའི་ན་གཞོན་ཞིག་ཡིན། ཁོས་དེ་ལྟར་འཛིན་གྲྭ་འཛུགས་དོན་ནི་སྡེ་བའི་ནང་གི་ཕྲུ་གུ་སྐྱོ་བོ་དེ་ཚོའི་ཆེད་དུ་ཡིན།

༣༽ ནུབ་ཕྱོགས་བྷེན་གྷལ་མུར་ཤི་ད་བྷད་ནས་ཡིན་པའི་གཞོན་སྐྱེས་འདིའི་གཏམ་རྒྱུད་ནི་དབུལ་ཕོངས་ཀྱི་ཁྲོད་ནས་ཤེས་ཡོན་ལ་དུང་བ་ཟབ་པའི་ཕུལ་བྱུང་གི་གཏམ་རྒྱུད་གཅིག་ཡིན།

༤༽ བྷ་བྷར་ཨཱ་ལི་ནངས་སྔ་ལངས་བྱས་ཏེ་ཞོགས་ཟས་ཤིག་བྲེལ་འཚུབ་ཀྱིས་བཟོས་རྗེས་ར་ཇ་གོ་ལྭིན་དྷ་སློབ་གྲྭར་འགྲོ་དགོས་ཀྱི་ཡོད། ཁོ་འགྲུལ་འཁོར་ལ་བུད་དེ་སྤྱི་ལི་བཅུ་ཙམ་གྱི་མཚམས་ནས་རྐང་ཐང་དུ་སྤྱི་ལི་གཉིས་ལ་སོང་ཚེ་སློབ་གྲྭར་བསླེབས་ཀྱི་ཡོད།

༥༽ སློབ་གྲྭ་དེ་ནི་ནུབ་ཕྱོགས་བྷེན་གྷལ་གྱི་ས་ཆ་ཡག་ཤོས་ཤིག་ཏུ་ཆགས་ཡོད་ལ་དེ་གར་སློབ་ཕྲུག་ཕོ་མོ་བརྒྱ་ཕྲག་ལས་བརྒལ་བ་ཡོད། འཛིན་ཁང་ཁམས་གཙང་ཞིང་ཅོག་ཙེ་དང་འདུག་སྟེགས་ནག་པང་སོགས་ཀྱང་སྤུས་ཀ་དག་ལ། དགེ་རྒན་ཚོ་ཡང་ལྷག་བསམ་དང་བློས་གཏོང་གནང་མཁན་རྐྱང་རྐྱང་ཡིན།

༦༽ དེ་གར་འཛིན་གྲྭ་བཅུ་གཉིས་བར་དུ་ཡོད་ཅིང་བྷ་བྷར་ཨཱ་ལི་ནི་དམའ་འབྲིང་གི་སློབ་ཕྲུག་ཅིག་ཡིན། ཁོ་ནི་སྐྱེས་གཟུགས་རིང་ལ་ཕྲ་ཞིང་སློབ་སྦྱོང་ལ་བརྩོན་པ་ལོ་ན་བཅུ་གྲངས་ལ་སོན་པའི་སློབ་ཕྲུག་ཡ་རབས་ཚད་ལྡན་ཞིག་ཡིན།

༧༽ བྷ་བྷར་ཨཱ་ལི་ནི་ནང་མིའི་ནང་ཤེས་ཡོན་ཡང་དག་ཅིག་ཐོབ་མཁན་ཐོག་མ་དེ་ཆགས་ཡོད།

༨༽ ཁོང་གིས་བཤད་རྒྱུར། ང་སློབ་གྲྭར་བསྐྱོད་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། གང་གིས་ཤེ་ན་ང་ཐག་རིང་དུ་བསྡད་ཡོད་པས་རེད། འོན་ཀྱང་ང་ནི་སློབ་སྦྱོང་ལ་དུངས་ལ་དགེ་རྒན་རྣམས་ཀྱང་བཟང་། ད་དུང་ངའི་ཕ་མས་ཀྱང་བདག་ལ་ཤེས་ཡོན་ཡང་དག་ཅིག་རག་པར་ཡིད་ཆེས་དང་རེ་བ་བྱས་ཡོད།